ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་ད྄་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་སྲོལ་ཡིག་དགོངས་དོན་ལ་སློབ་སྦྱོང་དངོས་འབེབས་བྱས་པ་ལས་གཞན། མཚོ་སྔོན་གྱི་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། ད་དུང་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་ནས་འབྲེལ་ཡོད་ཡིག་ཆར་གྲོས་མོལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་དར་གཞོན་ཟབ་སྦྱོང་འཛིན་གྲྭ་འགོ་རྩོམ་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་ཀྱི་མཐོང་སྣེ་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བའི་གཞུང་ལུགས་གལ་ཆེན་གྱི་ནང་སྙིང་དང་དངོས་ཡོད་མཛུབ་སྟོན་དོན་སྙིང་ལ་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་གཙོ་བོས་ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་ཤུགས་ཆེན་པོས་འགལ་བ་ཆེ་གྲས་ཀྱི་ཉེན་ཁ་འདུམ་འགྲིག་ཡོང་བར་བྱེད་དགོས་པའི་སྐོར་གྱི་ཆེད་དོན་གྲོས་སྡུར་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་དགོངས་དོན་དང་གཞི་གཅིག་ཏུ་སྦྲེལ་ནས། འགལ་བ་སེལ་བ་དང་འགལ་བ་འདུམ་སྒྲིག་བྱེད་པའི་ཐབས་རྩལ་རང་རྒྱུད་ལ་འབྱོར་བར་བྱས་ཏེ། བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་སྦྱོང་བརྡར་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་ལས་གཞན། ཉེན་ཁ་ཅི་རིགས་བྱུང་ན་འཕྲལ་དུ་སེལ་ཐུབ་པའི་ཉམས་སད་ཐེག་ཐུབ་པར་བྱས་ནས། དུས་རབས་གསར་པའི་ཁག་ཁུར་གྱི་སྤྱོད་ལམ་མངོན་དུ་འཇུག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དང་གཞི་གཅིག་ཏུ་སྦྲེལ་ནས་ཆེད་དོན་གྲོས་སྡུར་བྱེད་དགོས་ལ། འཐབ་རྩོད་ཀྱི་སྙིང་སྟོབས་དང་བྱས་རྗེས་འཇོག་པའི་སྙིང་སྟོབས་གཞི་གཅིག་ཏུ་སྦྲེལ་མཐར། ཏན་ཏན་ཏིག་ཏིག་གི་སྒོ་ནས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་བསྡུས་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས་པ་དེས། གླེང་སྟེགས་བཟང་བོར་སྒྲུབ་པ་དང་རྒྱལ་ཁབ་སྤྱི་གླིང་ལེགས་པོར་བསྐྲུན་པ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་ནས། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་འཆད་པ་དང་མཚོ་སྔོན་གྱི་གནས་ཚུལ་བརྒྱུད་གཏོང་བྱས་ཏེ། གླེང་སྟེགས་ལེགས་འགྲུབ་དོན་སྨིན་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྐུར་གནང་མཛད་པའི་འཕྲིན་ཡིག་གི་དགོངས་དོན་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏོང་བའི་ལས་དོན་དང་གཞི་གཅིག་ཏུ་སྦྲེལ་ཏེ། གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་པའི་དྲིལ་སྒྲོག་སྒྲོག་འགྲེལ་སྤེལ་དགོས། ཤུགས་ཆེན་པོས་འཕྲིན་ཡིག་གི་དགོངས་དོན་ལས་ཁུངས་དང་གཞིས་ཁུལ། ཁེ་ལས། སློབ་གྲྭ གྲོང་གསེབ་བཅས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་གླེང་སྟེགས་ཀྱི་ཕན་འབྲས་ཚུལ་བསྒྱུར་བྱེད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་སྔོ་ལྗང་གི་རི་ཆུ་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། མཛེས་པའི་ཀྲུང་གོ་བསྐྲུན་པར་བྱས་རྗེས་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།