མཚོ་སྔོན་ཞིང་ཆེན་གྱི་གསར་འགོད་པ་བཟང་པོས་གཏམ་རྒྱུད་ཡག་པོ་འཆད་པ་ཞེས་པའི་གཏམ་བཤད་འགྲན་སྡུར་སྐབས་དྲུག་པ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས། ཞིང་ཆེན་གསར་འགྱུར་སློབ་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི། ཤུགས་འདོན་ས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཏང་དང་མི་དམངས་ཀྱི་ཡིད་རྟོན་འཕེར་བའི་གསར་འགྱུར་ལས་བཟོ་བ་བཟང་པོ་ཞིག་བྱེད་དགོས་ཞེས་པ་བརྗོད་གཞི་ཡིན་པའི། ཞིང་ཆེན་ཡོངས་ཀྱི་གསར་འགོད་པ་བཟང་པོས་གཏམ་རྒྱུད་ཡག་པོ་འཆད་པ་ཞེས་པའི་གཏམ་བཤད་འགྲན་སྡུར་སྐབས་དྲུག་པ་ཟི་ལིང་ནས་བསྡུས།

ཐེངས་འདིའི་འགྲན་སྡུར་སྟེང་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་ལས་ཁུངས་སོ་སོ་དང་གསར་འགྱུར་སྨྱན་བྱད་སོ་སོ་ནས་ཡོང་བའི་གསར་འགོད་པ་ཉེར་དགུ་ཡིས་གར་སྟེགས་སྟེང་ནས་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་གསོན་ཉམས་ཅན་བཤད་དེ། གསར་འགྱུར་དང་གསར་འགོད་ལས་རིམ་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ཡིས། གསར་འགྱུར་ལས་བཟོ་བའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་སྙིང་སྟོབས་དང་། དུས་རབས་གསར་པ་དང་མཚོ་སྔོན་གསར་པའི་སྣང་བརྙན་གསར་པ་ཅིག་ཅར་མངོན་པར་བྱས།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།