ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ནས། མཉམ་ལས་དང་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པའི་བརྗོད་དོན་སློབ་གསོ་བྱ་འགུལ་ལ་སྐུལ་སློང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། བརྗོད་དོན་སློབ་གསོ་བྱ་འགུལ་སྤེལ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རྒྱུན་མ་ཆད་པར་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ངོས་ཟིན་དང་བསམ་བློའི་ངོས་ཟིན། གཞུང་ལུགས་ངོས་ཟིན། བརྩེ་སེམས་ཀྱི་ངོས་ཟིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བ་དང་མི་རིགས་བསྐྱར་དར་བྱེད་པ། མི་དམངས་བདེ་སྐྱིད་ལྡན་པར་བྱེད་པའི་ཏང་མང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་སྔར་ལས་ཇེ་བརྟན་དུ་གཏོང་བ། རྒྱ་ཆེའི་ཞིང་བཟོ་ཏང་ཡོམ་གྱིས་ཆབ་སྲིད་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བ། འགན་སྒྲུབ་ཀྱི་སྤོབས་པ་ཆེར་སྐྱེད་པ། འགན་སྒྲུབ་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དུས་རབས་གསར་བའི་ནང་སྣང་བརྙན་གསར་བ་མངོན་པར་བྱེད་པ་དང་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དང་ནང་དོན་གཙོ་བོར་བརྩི་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་རྩ་དོན་དེ་བརྗོད་དོན་སློབ་གསོ་བྱ་འགུལ་གྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། བརྗོད་དོན་སློབ་གསོ་བྱ་འགུལ་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།