མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཡུལ་དངོས་བརྗེ་རེས་གྲོས་ཚོགས་ཧུའུ་ཀྲུའུ་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཡུལ་དངོས་བརྗེ་རེས་གྲོས་ཚོགས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་བསྡུས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པདྨ་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཆི་ཀྲུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀའོ་ཧྲུའུ་ཀྲུའུ་དང་ཀྲུའུ་རིན་གཞོན་པ་ཧན་ཡུས་ཀོས་སོགས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་སྲིད་ལྟེ་གནས་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། གཞི་རིམ་ལ་ཁ་ཕྱོགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བ། གཞི་རིམ་དམ་པོར་འཛིན་པ་བཅས་ལ་འབད་དེ། རྒྱ་ཆེ་བའི་རྒན་གྲས་ལྔའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པར་རྩ་འཛུགས་བྱས་པ་དང་རང་རྟོགས་རང་འགུལ་ལ་བརྟེན་ནས། ན་ཆུང་གཞོན་ནུ་རྣམས་ཀྱི་འཚར་ལོངས་དང་བསམ་བློ། སྤྱོད་ལམ་བཅས་ལ་སྣེ་ཁྲིད་བསླབ་འདོམས་བྱས་ནས། དེ་བསྟུན་གྱི་གྲུབ་འབྲས་གང་ལ་གང་འཚམ་བླངས་ཡོད་པར་མ་ཟད། བྱ་བ་ལག་བསྟར་གྱི་ནུས་ཚད་དང་ཤུགས་རྐྱེན་སོགས་མངོན་གསལ་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། མུ་མཐུད་དུ་ལེགས་པ་ལྔའི་གཞི་རིམ་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། རྫོང་རིམ་པའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་དང་ཐད་ཀར་གཞི་རིམ་ལ་ཞབས་འདེགས་མཛུབ་སྟོན་བྱེད་པའི་འགན་ནུས་ཚུལ་བཞིན་སྒྲུབ་མཐར། གཞི་རིམ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་སྔར་ལས་གསོན་ཤུགས་ལྡན་པ་དང་སྔར་ལས་སྤྱོད་སྒོ་ཆེ་བ་ཞིག་ཏུ་བསྒྱུར་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།