མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཉིས་སྟོང་བཅུ་དགུ་ལོའི་སྟོན་དུས་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་སྟོན་དུས་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཡུས་ཡན་གྱིས་གུང་ཁྲན་ཏང་མིའི་ཐོག་མའི་འགན་འཁྲི་ལག་བསྟར་བྱེད་རྒྱུར་གོ་བ་གཏིང་ཟབ་ལེན་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆེད་དུ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་ནི་དམར་པོའི་གཞི་རྒྱུ་དར་སྤེལ་དུ་གཏོང་བ་དང་གཞུང་ལུགས་དྲག་ཆས་ལ་ཤུགས་སྣོན་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ། རང་ཉིད་གསར་བརྗེ་བྱེད་ཕོད་པ། རླབས་ཆེན་ཕུགས་འདུན་མངོན་དུ་བསྒྱུར་བ་བཅས་ཀྱི་དགོས་མཁོ་ཡིན་པས། ངེས་པར་དུ་གཞུང་ལུགས་དང་ལོ་རྒྱུས། ལག་ལེན་བཅས་ཀྱི་མཐོ་ཚད་ནས་འགྲེང་སྟེ་ཐོག་མའི་བསམ་འདུན་དང་འགན་འཁྲིའི་ནང་སྙིང་ལ་གོ་བ་མ་ནོར་བ་ལེན་དགོས་ཟེར།

ཝང་ཡུས་ཡན་གྱིས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་ལ་ཅིས་ཀྱང་ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་བརྩི་བ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་བྱེད་པ། ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པར་བྱེད་པ་བཅས་ལ་འབད་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།