ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་སྤྱི་སྡོམ་གཏམ་བཤད་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་མཱ་ཧེ་དབྱིན། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཚོགས་འདུར་ཞུགས། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཝང་ཞོན། ཏུའུ་ཏི་ཀྲི་བཅས་ཟུར་ཞུགས་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་བློ་མཐུན་ཚོགས་རར་ཐོན་ནས་མཛུབ་སྟོན་བྱས།
གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་ལེགས་སྒྲིག་བྱེད་ཕྱོགས་དངོས་འབེབས་བྱས་པའི་གནས་ཚུལ་བཅས་ཁྱབ་སྒྲོག་བྱས། རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཚབ་བྱས་ཏེ་རང་སྐྱོན་རང་བརྗོད་བྱས་པར་མ་ཟད། རང་རྟོགས་སྒོས་སྐྱོན་བརྗོད་དང་ལེན་བྱས། ཏང་ཙུའུ་ཁོངས་མི་རྣམས་ཀྱིས་ཀྱང་རིམ་པ་བཞིན་རང་སྐྱོན་ཐེར་འདོན་དང་སྐྱོན་བརྗོད་བསམ་འཆར་དང་ལེན་བྱས།
རྡོ་རྗེ་རབ་བརྟན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད་བསྟན་དོན། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་མཛུབ་སྟོན་འོག་ནས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་རྨང་གཞི་བརྟན་པོའི་འོག་ཏུ། བརྗོད་དོན་སློབ་གསོར་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། ནན་ཏན་སྒོས་རང་སྐྱོན་ཐེར་འདོན་དང་རང་སྐྱོན་རང་བརྗོད་བྱས་མཐར། ལེགས་སྒྲིག་གི་དམིགས་འབེན་སྔར་ལས་ཇེ་མཐོར་བཏང་ཡོད་ཟེར།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།