མཚོ་སྔོན་དུ་བོད་སྨན་རྫུན་བཟོའི་གྱོད་གཞི་ཞིག་རྩད་ཆོད་འདུག

W020190829606290601353.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་མཚོ་ཤར་མིན་ཧོ་(民和)ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་བདེ་འཇགས་རུ་ཆེན་གྱིས་“བོད་ཀྱི་གསང་བའི་རིལ་བུ” (藏密丸)ཞེས་པའི་བོད་སྨན་རྫུན་མ་ཐོན་སྐྱེད་དང་ཕྱིར་ཚོང་གི་དོགས་གཞི་ཡོད་པའི་གྱོད་གཞི་ཞིག་རྩད་ཆོད་བྱུང་ཡོད་ཅིང་། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་སོགས་མི་3བཟུང་བ་དང་། སྨན་རྫུན་བཟོ་བྱེད་ཀྱི་སྒྲིག་ཆས་3དང་། སྨན་རྫུན་བཟོ་བྱེད་ཀྱི་རྒྱུ་ཆ་དང་ཤུན་ཐུམ་100ལྷག དེ་བཞིན་སྨན་རྫུན་རིགས་30ལྷག་བཅས་རྩིས་ལེན་བྱས་ཡོད། ཞིབ་དཔྱད་རགས་ཙམ་བྱས་པ་ལྟར་ན། གྱོད་གཞི་དེའི་གྱོད་འབྲེལ་དངུལ་འབོར་སྒོར་འབུམ་གཅིག་ཙམ་ཟིན་ཡོད། 

W020190829606290649282.jpg

མིག་སྔར་གྱོད་གཞི་དེ་ཁྲིམས་ལྟར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱེད་བཞིན་ཡོད།

རང་རྒྱལ་གྱི་《ཉེས་ཁྲིམས་》ཀྱི་དོན་ཚན་141པའི་ནང་གཏན་འབེབས་བྱས་པ་ལྟར་ན། སྨན་རྫུན་ཐོན་སྐྱེད་དང་ཕྱིར་འཚོང་བྱས་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་ཆབས་ཅིག་དངུལ་ཆད་གཅོད་རྒྱུ་དང་། མིའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའམ་བྱས་ཉེས་ཚབས་བསགས་པ། གནས་ཚུལ་གཞན་ཚབས་ཆེན་ཡིན་པ་བཅས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་འབྲེལ་དངུལ་ཆད་གཅོད་རྒྱུ་དང་། མིའི་ཚེ་སྲོག་ཕྲོགས་པའམ་གནས་ཚུལ་གཞན་ཤིན་ཏུ་ཚབས་ཆེན་བསྐྱེད་མཁན་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན། ཡང་ན་སྲོག་ཁྲིམས་གཅོད་རྒྱུ་དང་འབྲེལ་དངུལ་ཆད་གཅོད་པའམ་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།