སྐབས3པའི་མཚོ་སྔོན་རེབ་གོང་མི་རིགས་རིག་གནས་ཕོ་བྲང་གི་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་ཕུལ་བྱུང་གྲུབ་འབྲས་འགྲེམ་སྟོན་ཞིང་ཆེན་རིག་གནས་ཁང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཐུན་རིན་རྫོང་སངས་རྒྱས་རེབ་གོང་མི་རིགས་རིག་གནས་ཕོ་བྲང་གིས་སྒྲུབ་འགན་ཁུར་བའི་སྐབས་གསུམ་པའི་མཚོ་སྔོན་རེབ་གོང་མི་རིགས་རིག་གནས་ཕོ་བྲང་གི་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་ཕུལ་བྱུང་གྲུབ་འབྲས་འགྲེམ་སྟོན་ཞིང་ཆེན་རིག་གནས་ཁང་དུ་འགྲེམ་སྟོན་བྱས། 

ཐང་ག་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་གནའ་བོའི་རིག་གནས་སྒྱུ་རྩལ་ཞིག་ཡིན་ལ། བརྩམས་ཆོས་མཐའ་དག་གསོན་ཉམས་ལྡན་པ་དང་བཞེངས་རྩལ་མཆོག་ཏུ་གྱུར་བ་སོགས་བོད་རིགས་མི་དམངས་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཕུལ་དུ་བྱུང་བའི་རིག་གནས་ཤིག་ཡིན། ཐང་གའི་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་ལེགས་པོ་བྱས་ཏེ། ས་གནས་ཀྱི་མང་ཚོགས་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱེད་པ་ལ། ཉེ་བའི་ལོ་འགའི་རིང་། སངས་རྒྱས་མི་རིགས་རིག་གནས་ཕོ་བྲང་གིས་ས་གནས་དང་མཐའ་འཁོར་གྱི་དབུལ་ཕོངས་དུད་ཁྱིམ་གྱི་སློབ་མར་རིན་མི་ལེན་པར་རིག་གནས་ཕོ་བྲང་དུ་སློབ་མར་བསྡུ་བ་དང་། དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཁོ་ཚོར་ཐང་ག་འབྲི་བཞེངས་གསོ་སྦྱོང་བྱས་ཏེ། རེབ་གོང་ཐང་གའི་སྒྱུ་རྩལ་གྱི་ཕུལ་བྱུང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པར་བྱས་རྗེས་བཞག་དང་འཇོག་བཞིན་ཡོད། 

ཐེངས་འདིར་སངས་རྒྱས་རེབ་གོང་མི་རིགས་རིག་གནས་ཕོ་བྲང་ཐང་གའི་རྒྱུད་འཛིན་པའི་ཕུལ་བྱུང་བརྩམས་ཆོས30ལྷག་འགྲེམ་སྟོན་བྱས་པ་དང་། ཟླ9པའི་ཚེས2ཉིན་བར་འགྲེམ་སྟོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།