མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་གཤིབ་སྡུར་བྱས་ནས་བར་ཁྱད་འཚོལ་བའི་ཆེད་དོན་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་གཤིབ་སྡུར་བྱས་ནས་བར་ཁྱད་འཚོལ་བའི་ཆེད་དོན་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་འགོ་མཛིན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་། ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཁོངས་མིས་གྲོས་ཚོགས་སྔོན་དུ་ཏང་གི་སྒྲིག་ཡིག་དང་གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་སོགས་ལམ་ལུགས་གཏན་ཁེལ་སློབ་སྦྱོང་བྱས་པ་དང་། ཚོགས་ཐོག་ཏུ་ཡིན་མིན་བཅོ་བརྒྱད་ལ་དམིགས་ནས། ཁྱོན་ཡོངས་ནས་གནད་དོན་དང་བར་ཁྱད་བཙལ་བ་དང་། ཞིབ་ལྟ་དང་དབྱེ་ཞིབ་ནན་མོ་བྱས་པ་མ་ཟད། བློ་དཀར་དྭངས་གཙང་དང་ཁག་ཁུར་ཕོད་པའི་ཆབ་སྲིད་ཀྱི་རང་གཤིས་གྲུབ་པར་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་དངོས་གཉེར་སྤྱོད་གཙང་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་སྲུང་འཛིན་བྱེད་པ་བརྗོད་སྙིང་དུ་བྱས་པ་དང་། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་གྱི་བརྟག་བཤེར་ཞིབ་འཇུག་གི་གནས་ཚུལ་ལ་ཟུང་འབྲེལ་དམ་པོ་བྱས་ནས། ཆེད་དོན་གྲོས་སྡུར་ནན་མོ་བྱས་ཏེ། སྤུས་ཚད་མཐོན་པོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུ་བའི་ཐད་རྨང་གཞི་བརྟན་པོ་བཏིངས།

མཱ་ཧེ་ཡིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བརྟེན་ནས་རང་ཉིད་ལ་རེ་བ་ནན་མོ་འདོན་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་མེ་ལོང་ལྟ་བུར་བརྩིས་ནས། ཉིན་རྒྱུན་དུ་རང་སྟེང་གི་མི་འདང་སར་ཞིབ་ལྟ་བྱེད་པ་དང་ལེགས་བསྒྱུར་བྱེད་པ། ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས། སྒྲིག་ལམ་གྱི་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། བློ་དཀར་དྭངས་གཙང་དང་ཁག་ཁུར་ཕོད་པའི་ཆབ་སྲིད་ཀྱི་རང་གཤིས་གྲུབ་པར་བྱེད་པ་དང་། འགོ་གཙོའི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ཏེ། དུས་རབས་གསར་བའི་ནང་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོན་པོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་གྲ་སྒྲིག་བཟང་བོ་བྱེད་པ་དང་། འགོ་གཙོའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པའི་མཐོ་ཚད་ནས། བསམ་བློའི་ངོས་ཟིན་དང་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་བྱས་ཏེ། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་དང་མཐུན་པར་ཁག་ཐེག་བྱེད་པ་དང་། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བརྟན་བརླིང་ངང་བསྡུ་བ་དང་གྲུབ་འབྲས་ལྡན་པར་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་བྱ་བར་སྐུལ་འདེད་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།