འཇིགས་མེད་བོད་ཀྱི་ཚད་གསོ་སྡེ་ཚོགས་བཙུགས་ནས་ལོ་འཁོར20ལོན་པའི་དགའ་སྟོན་མཛད་སྒོ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན། ཚེ་མཁར་རྒྱལ། ཀླུ་འབུམ་ཚེ་རིང་། )  "འཇིགས་མེད་བོད་སྨན། ལུས་སྲོག་བདེ་སྟེར།"  ཟླ8པའི་ཚེས27ཉིན། འཇིགས་མེད་བོད་ཀྱི་ཚད་གསོ་སྡེ་ཚོགས་བཙུགས་ནས་ལོ་འཁོར20ལོན་པའི་དགའ་སྟོན་མཛད་སྒོ་ཟི་ལིང་གྲོང་ཁྱེར་གྱི་འཇིགས་མེད་བོད་སྨན་ཁང་དུ་གཟབ་རྒྱས་ངང་བསྡུས།

微信图片_20190827211502.jpg

1AF4A0263.jpg

མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པའམ་མི་རབས་རྗེས་མར་དོ་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རེན་ཟུར་པ་སངས་རྒྱས། སྨན་པ་གྲགས་ཅན་མཁའ་ལོ། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱེ་ཆིན་ཡུན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མགོན་པོ་བཀྲ་ཤིས། དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་། གསོ་རིག་ཆེད་མཁས་པ། སློབ་ཆེན་སོ་སོའི་འབྲེལ་ཡོད་མི་སྣ་དང་འཇིགས་མེད་བོད་སྨན་གྱི་ཡན་ལག་སྨན་ཁང་སོ་སོའི་ལས་བྱེད་མི་སྣ་བཅས་མི600ལྷག་ཞུགས་ཡོད་པ་རེད།

微信图片_20190827210554.jpg

འཇིགས་མེད་བོད་སྨན་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་ལ་ཤིས་ཚིག་ཕུལ། ཁོང་གིས་བཤད་རྒྱུར། འཇིགས་མེད་བོད་ཀྱི་ཚད་གསོ་སྡེ་ཚོགས་ནི་རྒྱལ་ཁབ་ཀྱིGMPཚད་གཞི་དང་དེང་རབས་ཀྱི་ཁེ་ལས་དོ་དམ་ལམ་ལུགས་ལྟར་ཐོན་སྐྱེད་དང་དོ་དམ་བྱེད་པའི་བོད་སྨན་ཐོན་སྐྱེད་ཀྱི་རྟེན་གཞི་ཞིག་ཡིན་ལ། བོད་སྨན་ཞིབ་འཇུག་དང་གསར་གཏོད། བོད་ལུགས་སྨན་རྫས་དག་མ་ཐོན་སྐྱེད་དང་ཕྱིར་འཚོང་། ཞབས་ཕྱི་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ནང་གི་བོད་སྨན་ཐོན་སྐྱེད་ཁེ་ལས་ཆེ་ཤོས་སུ་གྱུར་ཡོད་པ་མ་ཟད། ད་སྐབས་འཇིགས་མེད་བོད་སྨན་ལ་སྒེར་ཚུགས་ཀྱི་ཤེས་བྱའི་བདག་དབང་ཡོད་པ་དང་ཐོན་སྐྱེད་ཆོག་འཐུས་ཐོབ་པའི་བོད་སྨན་སྣ་ཁ353ཡོད་པའི་ནང་རྒྱ་ལུགས་སྨན་རྫས་ཀྱི་ཚད་ལྡན་ཨང་རྟགས་ཡོད་པའི་ཐོན་རྫས་14དང་། ཞིང་ཆེན་རིམ་པའི་སྨན་རྫས་སྡེབ་སྦྱོར་ཀྱི་ཚད་ལྡན་ཨང་རྟགས་ཡོད་པའི་ཐོན་རྫས339ཡོད་ལ། རྣམ་གྲངས60ལྷག་ཙམ་ལ་རྒྱལ་ཁབ་གསར་གཏོད་ཀྱི་ཆེད་དབང་ལྡན་པར་གྱུར་ཡོད་ཟེར།

1AF4A0276.jpg

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱེ་ཆིན་ཡུན་གྱིས་ཤིས་ཚིག་ནང་བཤད་རྒྱུར། ལོ་ངོ་ཉི་ཤུ་རིང་འཇིགས་མེད་བོད་ཀྱི་ཚད་གསོ་སྡེ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་འོག་བོད་སྨན་ཐོན་ལས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཐོན་ལས་ཅན་དང་ཚད་ལྡན་ཅན། ཁྲོམ་ར་ཅན་གྱི་ལམ་དུ་ཞུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཐོན་བོད་སྨན་སྨན་རྫས་ཐོན་ཁུངས་ཀྱི་དགེ་མཚན་དམིགས་སུ་བཟུང་ནས་རྣམ་པ་གསར་བའི་བཟོ་ལས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་།  ཧུར་ཐག་སྒོས་དོ་དམ་ལམ་ལུགས་དང་ཐོན་སྐྱེད་ལས་རིམ་གསར་བ་ནང་འདྲེན་བྱས་ཏེ་བོད་སྨན་ཐོན་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བ་མ་ཟད། བོད་ལུགས་སྨན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཆེ་གྲས་མང་པོ་གསར་འཛུགས་གནང་ནས་རྒྱལ་ནང་ངམ་རྒྱལ་སྤྱིའི་བོད་སྨན་ཐོན་ལས་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕུལ་བྱུང་ཁེ་ལས་ཁྲོད་ཀྱི་འཐུས་ཚབ་ཁེ་ལས་སུ་གྱུར།

1AF4A0281.jpg

微信图片_20190827211231.jpg

སྡེ་ཚོགས་འདི་ཉིད་ནི1999ལོར་ཐོག་མར་ཐོ་འགོད་བྱས་པ་ནས་ད་སྐབས་སྤྱིའི་ཐོན་རིན་དུང་ཕྱུར་འགའ་ལ་མངོན་འགྱུར་བྱུང་ཡོད་པ་དང་། 2003ལོར་མཚོ་སྔོན་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་དུ་རྒྱལ་ཁབ་ཀྱི་GMPཚད་གཞིའི་བླང་བྱ་དང་མཐུན་པར་བྱས་ཏེ། དེང་རབས་ཁེ་ལས་དོ་དམ་རྣམ་པ་ལྟར་དོ་དམ་བྱེད་པའི་བོད་སྨན་ཐོན་སྐྱེད་ཀྱི་རྟེན་གཞི་གསར་བ་བཙུགས་པ་མ་ཟད།  སྲོལ་རྒྱུན་གྱི་བོད་གསོ་སྨན་སྦྱོར་ཁེ་ལས་ནས་གོ་ལ་ཧྲིལ་པོ་ཅན་གྱི་བདེ་ཐང་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཞབས་ཞུ་རྣམ་པའི་ཁེ་ལས་ཅན་དུ་བསྒྱུར།  ད་སྐབས་སྨན་རྫས་གཙོ་བོ་དང་། སྨན་ལ་བརྟེན་ནས་ནད་གསོ་བ། སྨན་བཅོས་ལ་བརྟེན་ནས་ཁམས་གསོ་བ། སྨན་རྫས་བཟོ་གྲྭ་དང་སྨན་ཁང་། སྨན་བཅོས་དང་རྒན་གསོ་ལྟེ་གནས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་སྨན་བཅོས་ཞབས་ཞུའི་ཐོན་ལས་སྡེ་ཚོགས་ཞིག་གཞི་ནས་ཆགས་ཐུབ་པ་བྱུང་། དེ་ལས་གཞན།  ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་ལོ་མང་རིང་གི་ཞིབ་འཇུག་བྱས་པ་བརྒྱུད། སྔ་རྗེས་སུ་སྒེར་ཚུགས་ཀྱི་ཤེས་བྱའི་བདག་དབང་ལྡན་པ་དང་། ནུས་པ་ཆེ་བ། ཕན་འབྲས་ཐོན་མགྱོགས་པ་བཅས་ཀྱི་སྨན་རྫས་གསར་པ་སྟེ། འཇིགས་མེད་གཡུ་རྙིང་བདུན་ཅུ་དང་འཇིགས་མེད་གསེར་ཏིག་ཁ་ཚར་ཅན་སོགས་རྒྱལ་ཁབ་ཀྱི་ཚད་གཞིའི་ཨང་རྟགས་ཡོད་པའི་སྨན་སྣ་མང་པོ་གསར་སྤེལ་དང་ཐོན་སྐྱེད་བྱས་ཡོད། 

1AF4A0220.jpg

1AF4A0201.jpg

1AF4A0214.jpg

ལྷག་པར་དུ་གཅིན་སྙི་ཟགས་ཁུའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད། ཁྲག་ཤེད་མཐོ་བའི་ནད། ཁྲག་ཚིལ་མཐོ་བའི་ནད་བཅས་ལ་གསོ་བཅོས་བྱེད་པའི་སྨན་སྣ་རིགས6ཞིབ་འཇུག་གསར་སྤེལ་བྱས། དེ་ལས་གཅིན་པ་མངར་འགྱུར་གྱི་ནད་གཞིའི་ཁྱད་ཆོས་མི་འདྲ་བར་དམིགས་ནས། ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་སྨན་བཅོས་ཇུས་གཞི་འཇིགས་མེད་བོད་སྨན་གཅིན་སྙི་ཟ་ཁུའི་ནད་གསོ་བཅོས་ཀྱི་ཚད་གཞི་གསར་གཏོདཞེས་པ་གཏན་འབེབས་མཛད་པ་མ་ཟད། སྤྱི་ཚོགས་སྟེང་དཔར་སྐྲུན་འགྲེམ་སྤེལ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སྟོང་ཆ་བསྐངས་པ་རེད།

微信图片_20190827211222.jpg

微信图片_20190827210607.jpg

1AF4A0306.jpg

རྒྱུས་ལོན་པ་ལྟར་ན། འཇིགས་མེད་བོད་ཀྱི་ཚད་གསོ་སྡེ་ཚོགས་ལ་ད་སྐབས་ཡན་ལག་ཀུང་ཟི10དང་། ཡན་ལག་སྨན་ཁང6། སྒོ་བསྟེན་སྨན་ཁང100ལྷག་ཡོད་པའི་སྡེ་ཚོགས་ཀུང་ཟི་ཞིག་ཏུ་གྱུར་ཡོད་པ་རེད། དེས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་སྨན་རྫས་ཐོན་སྐྱེད་དང་འཕེལ་རྒྱས་ཐད་ལ་ནུས་པ་མི་དམན་པ་ཐོན་ཡོད་པ་མ་ཟད། བོད་སྨན་ཀྱི་ཐོན་སྐྱེད་རྒྱུ་སྤུས་དང་བདེ་འཇགས་ལ་ཚད་གཞི་གཏན་འཁེལ་དང་ཚད་ལྡན་ཅན་དུ་བཏང་དང་གཏོང་བཞིན་ཡོད་ལ། བོད་ལུགས་གསོ་རིག་འདི་ཉིད་རྒྱལ་སྤྱིའི་ཚད་ལྡན་ཅན་དང་འཛམ་གླིང་ཅན་དུ་འགྱུར་བར་འབད་པ་བྱེད་བཞིན་མཆིས།

1AF4A0238.jpg


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།