ཁོང་ཡུང་གིས་ཐེན་ཅིན་ནས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་དང་སྐབས་བདུན་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་མཁན་གྱི་མཚོ་སྔོན་གྱི་རྩལ་ཁྲིད་པ་དང་ལུས་རྩལ་པར་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་དང་སྐབས་བདུན་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཁོང་ཡུང་གིས་ཐེན་ཅིན་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ནས། འགྲན་སྡུར་ལ་བྲེལ་འཚུབ་ངང་ཞུགས་བཞིན་ཡོད་པའི་མཚོ་སྔོན་གྱི་རྩལ་ཁྲིད་པ་དང་ལུས་རྩལ་པར་འཚམས་འདྲི་བྱས། ཁོང་ཡུང་གིས་ལུས་རྩལ་པ་དང་རྩལ་ཁྲིད་པ་རྣམས་ལ་རེ་རེ་བཞིན་ལག་འཇུ་བྱས་ཏེ་བསམ་ཚུལ་བརྗེ་རེས་ཀྱི་ཁ་བརྡ་བྱས་ཏེ། ལུས་རྩལ་པའི་འཚོ་བ་དང་ལུས་ཕུང་བདེ་ཐང་། འགྲན་སྡུར་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་བཅས་འདྲི་རྟོག་བྱས་རྗེས། མཚོ་སྔོན་གྱི་ལུས་རྩལ་པ་རྣམས་ཀྱིས་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ལེན་དགོས་པར་སྐུལ་ལྕག་བཏང་།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རྒྱ་ཆེ་བའི་དབང་བོ་སྐྱོན་ཅན་ལུས་རྩལ་པ་རྣམས་ལ་སྔོན་ཐོན་བརྩོན་ལེན་གྱི་སྙིང་སྟོབས་དང་སྙིང་རུས་ཡོད་དགོས་ལ། མུ་མཐུད་དུ་རང་ཉིད་ལ་འགྲན་སློང་བ་དང་རང་ཉིད་ལས་བརྒལ་འདོད་ཀྱི་ཞུམ་མེད་སྙིང་སྟོབས་རང་རྒྱུད་ལ་བཅངས་ནས། འགྲན་རྩོད་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པར་མ་ཟད། དུས་རབས་གསར་པའི་དབང་བོ་སྐྱོན་ཅན་གྱི་བསམ་པའི་འཁྱེར་སོ་དང་མཚོ་སྔོན་གསར་པའི་འབད་འཐབ་སྙིང་སྟོབས་མངོན་ཅི་ཐུབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།