འཇིགས་མེད་ཕུན་ཚོགས་ལགས་འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ཀྱི་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་སྐབས་ལྔ་བའི་རིག་གཞུང་ཞིབ་འཇུག་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་ཆེན་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་འཇིགས་མེད་བོད་སྨན་ཚོགས་པའི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་ལགས་ཡང་བསྐྱར་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་དྲུང་ཡིག་ཆེ་མོར་བདམས། དུས་མཚུངས་ཚོགས་གཙོ་གཞོན་པ25དང་། རྒྱུན་ལས་མི་སྣ57  ལས་འཛིན་མི་སྣ110བདམས་ཐོན་བྱུང་། ལས་འཛིན་མི་སྣ་དབྱིན་ཇི་དང་། ཧྥ་རན་སི། འཇར་མན། ཨ་རི། ཨུ་རུ་སུ། ནེ་པ་ལ། འབྲུག་ཡུལ། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ13ལྷག་ལ་ཁྱབ་ཡོད།  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།