མཚོ་སྔོན་ཟི་ལིང་དུ་འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་སྐབས་ལྔ་བའི་རིག་གཞུང་ཞིབ་འཇུག་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་ཆེན་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཀླུ་འབུམ་ཚེ་རིང་། ཚེ་རིང་དོན་གྲུབ། བསོད་ནམས་རྒྱལ།) ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་བསུ་བ་ཞུ་ཆེད། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱིས་ཟླ8པའི་ཚེས25ཉིན། མཚོ་སྔོན་ཟི་ལིང་དུ་འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་སྐབས་ལྔ་བའི་རིག་གཞུང་ཞིབ་འཇུག་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་ཆེན་འཚོགས་པ་རེད། ཐེངས་འདིའི་ཚོགས་འདུར་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་ཁྲིད་དང་ལས་འཛིན་མི་སྣའི་མིང་ཁྱབ་བསྒྲགས་བྱས་པ་དང་དུས་ཡུན་ཉིན་གཉིས་རིང་གི་རིག་གཞུང་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། 

77788.jpg

ཚོགས་འདུའི་ཡུལ་དངོས།

ཚོགས་ཐོག་ཏུ་མཚོ་སྔོན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། མཚོ་སྔོན་ཞིང་ཨུད་ཀྱི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་པུའུ་ཀྲང་གཞོན་པ་མྰ་ཝུན་པིའོ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོའུ་མིང་ཅན། འཛམ་གླིང་ཀྲུང་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཆིན་ཧྲུའུ་ཁུན། བོད་ལུགས་གསོ་རིག་དང་བོད་སྨན་རིག་པ་མཁས་ཅན་མཁར་ལོ་སོགས་ཞུགས་ཡོད་པ་རེད། 

BH9A6282.jpg

སྐབས་གཉིས་པའི་ལས་འཛིན་མི་སྣར་དཔང་ཡིག་སྤྲོད་བཞིན་པ།

BH9A6250.jpg

མཚོ་སྔོན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་ཀྱིས་ཚོགས་ཆེན་ལ་མདོ་འཛིན་བྱེད་བཞིན་པ།

སྐབས་བརྗེ་ཚོགས་འདུའི་ཐོག་ཏུ་མཚོ་སྔོན་འཇིགས་མེད་བོད་སྨན་ཚོགས་པའི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་ལགས་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་པ་དང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་དྲུང་ཡིག་ཆེ་མོར་བདམས་པ་དང་དུས་མཚུངས་ཚོགས་གཙོ་གཞོན་པ་25དང་། རྒྱུན་ལས་མི་སྣ་57དང་། ལས་འཛིན་མི་སྣ་110བདམས་པ་རེད། ལས་འཛིན་མི་སྣ་དབྱིན་ཇི། ཧྥ་རན་སེ། འཇར་མན། ཨ་རི། ཨུ་རུ་སུ། ནེ་པ་ལ། འབྲུག་ཡུལ། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་13ལྷག་ལ་ཁྱབ་ཡོད།  

BH9A6289.jpg

འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཕུན་ཚོགས་ཀྱིས་གཏམ་བཤད་གནང་བཞིན་པ།

བོད་གསོ་ཆེད་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཕུན་ཚོགས་ཀྱིས་སྐབས་གསར་པའི་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱི་ལས་ཀའི་གཙོ་གནད་ནི་བོད་ལུགས་གསོ་རིག་དང་བོད་སྨན་ཚད་ལྡན་ཅན་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་པའི་གནད་དོན་ཐད་འཐབ་ཇུས་འཆར་འགོད་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བློ་འདྲིའི་འགན་ནུས་འདོན་སྤེལ་བྱས་ནས་ཧུར་ཐག་གིས་ཀྲུང་འབྲེལ་གྱི་ཚད་ལྡན་ཅན་གྱི་ལས་དོན་ནང་ཞུགས་པ། དགེ་མཚན་ལྡན་པའི་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཤད། 

BH9A6233.jpg

ཚོགས་ཞུགས་མི་སྣ།

BH9A6235.jpg

ཚོགས་ཞུགས་མི་སྣ།

BH9A6303.jpg

ཚོགས་ཞུགས་མི་སྣ།

BH9A6404.jpg

ཚོགས་ཞུགས་མི་སྣ།

BH9A6405.jpg

ཚོགས་ཞུགས་མི་སྣ།

BH9A6316.jpg

ཚོགས་ཞུགས་མི་སྣ།

BH9A6313.jpg

ཚོགས་ཞུགས་མི་སྣ།

རིག་གཞུང་ཚོགས་འདུའི་ཐོག་རྒྱལ་ནང་གི་མཁས་དབང་39དང་ཕྱི་རྒྱལ་གྱི་མཁས་དབང་6ཞུགས་ཡོད་པ་དང་། མཚོ་སྔོན་སློབ་ཆེན་གྱི་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བསམ་འགྲུབ་རྒྱལ་དང་། ཨ་རིའི་ཨའེ་མོ་ལི་སློབ་ཆེན་མིའི་རིགས་ཀྱི་བདེ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་འབུམ་རམས་པ་ཀྲན་མུའུ་སི•ལའར་སི། ཨའོ་མོན་སློབ་ཆེན་ཀྲུང་ལུགས་སྨན་རྫས་སྤུས་ཚད་ཞིབ་འཇུག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་དགེ་རྒན་ཆེན་མོ་ལི་ཧྲའོ་ཕིང་། བོད་ཀྱི་གསོ་རིག་དང་བོད་སྨན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་འཇིགས་མེད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་རྒྱལ་ཁབ་དབུ་བཪྙེས་ནས་ལོ་ངོ་70འཁོར་བའི་རིང་བོད་ལུགས་གསོ་རིག་དང་བོད་སྨན་ལ་ལེགས་སྐྱེས་འབུལ་མཁན་གྱི་སྨན་པ་རྒན་གྲས་དང་དེང་རབས་སྐྱེ་དངོས་ཕྲ་རབ་རིག་པ་དང་སྐྱེ་དངོས་རིག་པའི་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་སྐྱེ་དངོས་གསོ་རིག་ར་སྤྲོད་པ་དང་མཚོ་སྔོན་ནས་ཐོན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཚད་གདེང་འཇོག་དང་ཞིབ་འཇུག་སོགས་བརྗོད་གཞིར་བྱས་ཏེ། རང་སོ་སོའི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་སྙན་སྒྲོན་གནང་བ་རེད། 

BH9A6374.jpg

ཨ་རིའི་ཨེ་མོ་རི་སློབ་གྲྭ་ཆེན་མོའི་མིའི་རིགས་བདེ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་དབུ་གཙོ་ཀྲན་མོ་སི་ལོར་སིས་གཏམ་བཤད་གནང་བཞིན་པ།

BH9A6357.jpg

མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་དབུ་གཙོ་གཞོན་པ་བསམ་འགྲུབ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་བོད་གསོ་ཆེད་ལས་ལྷན་ཚོགས་ནི་2015ལོའི་ཟླ་8པར་མཚོ་སྔོན་ཟི་ལིང་དུ་བཙུགས་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤྱི་ཡོངས་འཕེལ་རྒྱས་ཆུ་ཚད་ལ་སྐུལ་འདེད་གཏོང་རྒྱུ་དམིགས་སུ་བཟུང་ནས་བཙུགས་པ་ཞིག་རེད། 

BH9A6337.jpg

ཚོགས་འདུའི་སྟེང་ཞུགས་པའི་ཆེད་མཁས་པ་ལྷན་རྒྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།