མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་གནད་དོན་ལ་ཞིབ་ལྟ་བྱས་ནས་བར་ཁྱད་འཚོལ་བའི་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་བརྟག་བཤེར་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་དོན་ཞབས་ཞུ་དང་སྤྱི་བའི་ཐོན་ཁུངས་ཉོ་ཚོང་། སྤྱོད་ཚུལ་འཛུགས་སྐྲུན་ལོ་སོགས་བྱ་བར་དམིགས་ནས། དཀའ་གནད་ཐག་གཅོད་པའི་བྱེད་ཐབས་བཟང་བོ་སྤྱད་དེ། བརྗོད་དོན་སློབ་གསོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱས།

རྟོག་ཞིབ་བྱེད་སྐབས། ས་ཁུལ་ཁ་ཤས་སུ་རང་བཙུགས་ཚོམས་ཆེན་མཉམ་བསྲེས་བྱེད་དཀའ་བ་དང་། དམངས་བདེ་སྒེའུ་ཁུངས་འཛུགས་སྐྲུན་བྱེད་ཚད་དལ་བ། བྱ་བའི་མཆན་འགོད་རྒྱུད་རིམ་ལེགས་བསྒྱུར་བྱས་མེད་པ་དང་མཆན་འགོད་དུས་རིམ་ཅུང་རིང་བ། སྡེ་ཁག་གི་རང་བཙུགས་མ་ལག་མང་བ། མཉམ་འབྲེལ་མཉམ་སྤྱོད་བྱེད་དཀའ་བ། མཉམ་བཤེར་མཉམ་སྒྲུབ་གྱི་གཞོགས་འདེགས་བྱེད་ཚད་མི་འདང་བ། དུས་མཉམ་མཆན་འགོད་ཐད་ནས་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཡོད་པར་ཁ་གཏད་དེ། དག་ཐེར་ལེགས་བཅོས་བྱེད་དགོས་པའི་གནད་དོན་གྱི་གསལ་ཁྲ་བཙུགས་པ་དང་། རིམ་པ་བཞིན་ལག་བསྟར་བྱས། གཅིག་ནས་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགོ་ཁྲིད་དེ་དྲ་ཐོག་ནས་མཉམ་དུ་བསྒྲུབ་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས། གཉིས་ནས་ཞིང་ཆེན་སྲིད་དོན་ཞབས་ཞུ་དྲ་རྒྱར་རྒྱབ་རྟེན་ནས། དྲ་ཐོག་ནས་ཁ་ཆད་བྱེད་པ་དང་། ཡིག་ཐོག་སྙན་ཞུ་འབུལ་བ། རྗེས་འདེད་བྱེད་པ། བློ་འདྲི་རོགས་རམ་བྱེད་པ་སོགས་ས་ཚིགས་གཅིག་ཅན་གྱི་དྲ་ཐོག་དོན་སྒྲུབ་བྱེད་ཐབས་ལག་བསྟར་བྱས། གསུམ་ནས་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགོ་ཁྲིད་དེ་དྲིལ་སྒྲོག་བརྙན་རིས་བླངས་ཏེ། དྲ་རྒྱ་དང་བརྙན་འཕྲིད་སོགས་སྨྱན་བྱད་བརྒྱུད་དེ་སྲིད་དོན་ཞབས་ཞུ་བྱ་བའི་དྲིལ་སྒྲོག་ཐད་ཤུགས་བསྣན་པ་དང་། དེ་དང་མཉམ་དུ།  གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་དང་ལས་སྒྲུབ་ཚོམས་ཆེན། དམངས་བདེ་སྒེའུ་ཁུང་གི་བྱ་བའི་མི་སྣའི་གསོ་སྦྱོང་ལ་སྔར་ལས་ཤུགས་བསྣན། བཞི་ནས་རིམ་པ་སོ་སོའི་སྲིད་གཞུང་གིས་ད་ཡོད་ཀྱི་ཆ་རྐྱེན་ལ་རྒྱབ་རྟེན་ནས། སྲིད་དོན་ཞབས་ཞུ་ཚོམས་ཆེན་དང་ལྷག་པར་དུ་རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་འཛུགས་སྐྲུན་སྟེང་ཐད་གྱི་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། སྲིད་དོན་ཚོམས་ཆེན་གྱི་ཞབས་ཞུ་རྩོལ་ནུས་བསྒྱུར་བཀོད་དང་རིམ་སྤོར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།