རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ནས་དམངས་གཉེར་ཁེ་ལས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཏང་འཛུགས་ཆེད་དོན་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་གྱི་ཉིང་རྡུལ་གྲོང་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་ནས་ཕུགས་འདུན་དད་སེམས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བ། རྒྱ་ཆེ་བའི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ཏང་གི་རྗེས་སུ་འབྲང་བའི་ཐད་སྣེ་འདོམས་སྐུལ་ཁྲིད་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་ཚོགས་འདུར་ཞུགས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཞུའུ་ལི་ཅང་ཚོགས་འདུར་ཞུགས་ནས་གཏམ་བཤད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ལིས་ཀྲའོ་ཡིས་ཐེངས་འདིའི་བྱེད་སྒོར་འགོ་འཛིན་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་བྱེད་སྒོར་ཞུགས།

ཞུའུ་ལི་ཅང་གིས་ནན་གྱིས་བསྟན་དོན། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་མི་སྣར་ཕུགས་འདུན་དད་སེམས་སློབ་གསོའི་བྱེད་སྒོ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་སྤྲད་པའི་ཆབ་སྲིད་ཀྱི་འོས་འགན་ལྕི་མོ་ཞིག་ཡིན། རྒྱལ་སྤྱི་དང་རྒྱལ་ནང་གི་སྣེ་མང་རྙོག་འཛིང་གི་གནས་སྟངས་ལ་ཁ་གཏད་གཞལ་བ་དང་། དམངས་གཉེར་ཁེ་ལས་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་ཀྱིན་པའི་དཀའ་གནད་ལ་ཁ་གཏད་གཞལ་བར་ཅིས་ཀྱང་ཕུགས་འདུན་དད་སེམས་སློབ་གསོ་གཉོམ་ཞན་དུ་འགྱུར་མི་རུང་བར་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།