མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཞིབ་སྡུར་བྱས་ནས་བར་ཁྱད་འཚོལ་བའི་ཆེད་དོན་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་ཆེད་དོན་ཞིབ་སྡུར་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཞིབ་སྡུར་བྱས་ནས་བར་ཁྱད་འཚོལ་བའི་ཆེད་དོན་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་ཆེད་དོན་ཞིབ་སྡུར་གྲོས་ཚོགས་ཐེངས་གསུམ་པ་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིས་གྲོས་ཚོགས་སྔོན་དུ་དུམ་ཚན་རེ་རེ་དང་ཚིག་རེ་རེ་བཞིན་ཏང་གི་སྒྲིག་ཡིག་དང་གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་བཅས་སློབ་སྦྱོང་བྱས་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཞིབ་སྡུར་བྱས་ནས་བར་ཁྱད་འཚོལ་བ་དང་། རྒྱུ་ཆ་འབྲི་བ་དང་དབྱེ་ཞིབ་ནན་མོ་བྱས། ཚོགས་ཐོག་ཏུ། ལིག་ཉིང་གིས་འགོ་ཁྲིད་དེ་མི་སྒེར་གྱི་ཞིབ་སྡུར་བརྟག་བཤེར་བྱས་པ་དང་། ཡན་ཅིན་ཧེ་དང་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཝང་ཀྲིན་ཧྲིན། ཀྲང་ལིས། ལིག་ཐོ། ཀྲུང་ཧོང་ཡོན་བཅས་ཀྱིས་གཏམ་བཤད། ཐེན་ཅིན་ཁྲིན་གྱིས་ཡིག་ཐོག་རྒྱུ་ཆ་སྤྲད། ཏང་ཙུའུ་ཁོངས་མིས་ཡིན་མིན་བཅོ་བརྒྱད་ལ་དམ་དུ་དམིགས་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ཚད་གཞི་རུ་བྱས་ཏེ། རང་ཉིད་དེའི་ཁྲོད་འཇོག་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། བྱ་བ་བཟང་བོར་བསྒྲུབ་པ། ཁྱོན་ཡོངས་ནས་བསམ་བློ་དང་ནུས་པ། སྤྱོད་ཚུལ་ལ་ཞིབ་ལྟ་བྱེད་པ་སོགས་ཕྱོགས་ནས་བར་ཁྱད་དང་མི་འདང་ས་འཚོལ་བ་དང་། ཞིབ་ལྟ་གཏིང་ཟབ་དང་སྐྱོན་བརྗོད་རོགས་རམ་བྱས་ཏེ། སྤུས་ཚད་མཐོན་པོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོ་བསྡུ་བར་རྨང་གཞི་བཟང་བོ་བཏིངས།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དེ་གསར་བརྗེའི་འཐབ་འཁྲུག་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་ཁྲོད་གྲུབ་པ་ཡིན་ལ། རྔུལ་ཁྲག་ཉམས་སད་ཐེག་ཐུབ་པ་དང་། ཏང་ཡོན་གྱི་རྟེན་གཞི་དང་བློ་སྦྱོང་གི་མན་ངག་བཟང་བོ་ཡིན། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སློབ་སྦྱོང་ཟབ་མོ་དང་དབྱེ་ཞིབ་ནན་མོ་བྱེད་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་བླང་བྱ་དང་པོ་དང་ངེས་སྦྱོར་བསླབ་གཞི་རུ་བརྩིས་ནས། འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། ཡང་དང་བསྐྱར་དུ་སློབ་སྦྱོང་བྱེད་པ་དང་། ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས། སྒྲིག་ལམ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་གོ་རྟོགས་དང་བསམ་བློ་གོ་རྟོགས། ཀུན་སྤྱོད་ཀྱི་ཚད་གཞི་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ཏུ། དབྱང་ཧྥུན་ཁྲུན་དང་ཝང་ཀྲིན་ཧྲིན། ཀྲུང་ལིས་བཅས་ཀྱིས་བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཕོད་པའི་ཆབ་སྲིད་ཀྱི་སྤྱོད་ལམ་གྲུབ་པར་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་དངོས་གཉེར་སྤྱོད་གཙང་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་སྲུང་འཛིན་བྱེད་པའི་ཆེད་དོན་ལ་དམིགས་ནས་གཏམ་བཤད། ཏང་ཙུའུ་ཡི་ཁོངས་མི་གཞན་པས་ཡིག་ཐོག་རྒྱུ་ཆ་སྤྲད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།