ན་གོར་མོ་གྲོང་ཁྱེར་གྱིས་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། “ས་ཁོངས་ཡོངས་ཀྱི་ཡུལ་སྐོར། འཆམ་མཐུན་མཉམ་གནས་འཕེལ་རྒྱས”བརྗོད་གཞི་ཡིན་པའི་གླེང་སྟེགས་སམ་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་དུ་འཚོགས།བྱ་འགུལ་དེ་ཡིས་ཐོན་ལས་རིགས་བསྒྱུར་རིམ་སྤར་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་བརྗེ་སྤོར་ལ་སྔར་བས་སྐུལ་འདེད་བཏང་བ་དང་། རྒྱུན་ཆད་མེད་པར་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་། རིག་གནས་ཡུལ་སྐོར་གྱི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་སྤུས་ཚད་མཐོན་པོའི་འཚོ་བ་བསྐྲུན།

ན་གོར་མོ་གྲོང་ཁྱེར་གྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བྱས་ཏེ་སྒྲིག་བཀོད་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱས་པས། རིག་གནས་དང་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་ཀྱི་སྒྲོམ་གཞི་རགས་ཙམ་ཆགས་ཡོད། རིམ་པ་བཞིན་བགྲོད་པ་དང་གཅིག་གྱུར་མཐུན་སྦྱོར་གྱི་རྩ་དོན་ལྟར། ཞིབ་མོར་འདེམས་སྒྲིག་བྱས་ཏེ་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་ལམ་ཐིག་རྩེ་གྲས་སྐོར་ཞིག་གཏན་འབེབས་བྱས་ནས། ས་ཁོངས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་གྱིས་ཕྱུག་པའི་གེགས་མེད་ཡུལ་སྐོར་ས་ཁུལ་སྐོར་ཞིག་མགྱོགས་པོས་བསྐྲུན། དུས་མཉམ་དུ་རིག་གནས་ཡུལ་སྐོར་རྩེ་གྲས་ཀྱི་འཐབ་ཇུས་ཧུར་བརྩོན་གྱིས་ལག་བསྟར་བྱས་པ་དང་ཐོན་རྫས་གྲུབ་ཚུལ་ལེགས་བསྒྱུར་བྱས་ཏེ།ཕན་ཚུན་མཉམ་གསབ་ཀྱི་ཕན་འབྲས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་བ་དང་།ཁྱད་ཆོས་མཚོན་པའི་ཁྲོད་ནས་སྣ་མང་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱས།

ན་གོར་མོ་གྲོང་ཁྱེར་གྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་མཉམ་སྡེབ་ལ་ཤུགས་སྣོན་བྱས་ཏེ། “ས་ཁོངས་ཡོངས་ཀྱི་ཡུལ་སྐོར”ཧྲིལ་པོའི་དངོས་ཡོད་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་ཧུར་བརྩོན་གྱིས་ཇེ་མཐོར་བཏང་།“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁེ་ལས་སྙིང་པོ་ཡིན་པ། ཚོང་ཁྲོམ་ཅན་དུ་འཁོར་རྒྱུག་བྱེད་པའི”རྩ་དོན་བརྩི་སྲུང་བྱས་ཐོག མངའ་ཁོངས་བར་གྱི་ཐད་ཀར་མཉམ་འབྲེལ་ལ་སྔར་བས་ཤུགས་སྣོན་བྱེད་པ་དང་།ཚོང་ཁྲོམ་གྱི་སྒྲིག་བཀོད་ཐོན་ཁུངས་ཀྱི་རྨང་གཞི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕན་ལྡན་གྱིས་མཉམ་སྡེབ་བྱེད་པ་མངོན་འགྱུར་བྱས་པས།གཞི་ཁྱོན་གྱི་ལེགས་ཆ་གྲུབ་པ་དང་། སྤྱི་ཡོངས་ཀྱི་དངོས་ཡོད་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་ཇེ་མཐོར་སོང་། ས་ཁོངས་ཀྱི་བཀག་སྡོམ་དང་ཚོང་ཁྲོམ་གྱི་སྒེར་སྡེམ། ལས་རིགས་ཀྱི་ཁག་བགོས་བཅས་མེད་པར་བཟོས་ནས་ཡུལ་སྐོར་ཁེ་ལས་ཀྱིས་ས་ཁོངས་བརྒལ་ནས་ཟླ་སྒྲིལ་བསྐྱར་འཛུགས་ལ་རམ་འདེགས་བྱས་ཏེ།རིག་གནས་ཡུལ་སྐོར་ཁེ་ལས་ཚོགས་པ་འཛུགས་སྐྲུན་བྱས་ཤིང་།འགྲན་རྩོད་ཀྱི་ནུས་པ་ལྡན་པའི་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི“གནམ་གྲུ་འབབ་སའི་གྲུ་གཟིངས”ལྟ་བུ་བསྐྲུན་ནས་རིག་གནས་དང་ཡུལ་སྐོར་ཚོང་ཁྲོམ་གྱི་གཙོ་ཁྲིད་དབང་ཆ་ཁོང་དུ་ཆུད་པར་བྱས།

གྲོང་ཁྱེར་དེས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས།ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བའི་ཁོར་ཡུག་བཟང་པོ་ཧུར་བརྩོན་གྱིས་བསྐྲུན་ལ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྲིད་ཇུས་ལ་གཙང་བཤེར་བྱས་པ་དང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་མཉམ་ལས་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་ཀྱི་བགེགས་མེད་པར་བཟོས་པ་དང་། ས་ཁོངས་བར་གྱི་ཡུལ་སྐོར་འཇོན་མི་སྐོར་སྐྱོད་ཀྱི་ནང་རྐྱེན་བཙུགས་ཤིང་། གཅིག་གྱུར་གྱི་ཞབས་ཞུ་འགྲོ་གྲོན་ལས་གཞི་དང་ཚད་གཞི་གཏན་འབེབས་བྱས་པ། གཅིག་གྱུར་གྱི་ཁྲིམས་བསྟར་ལྟ་སྐུལ་མཐུན་སྦྱོར་ནང་རྐྱེན་བཙུགས་པ་དང་། ལྗོངས་ཁུལ་གྱི་ཞབས་ཞུ་དང་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ།སྤྱི་ཡོངས་སྣང་བརྙན་ལེགས་པོ་ཞིག་བཞེངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།