ཀོས་ནན་རྫོང་གིས་ཏང་གཤིས་སློབ་གསོའི་རྟེན་གཞི་བེད་སྤྱད་ནས་ཏང་ཡོན་ལས་བྱེད་པའི་ཞན་ཆ་ཁ་གསབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་ཁུལ་ཀོས་ནན་རྫོང་གིས་སློབ་གསོའི་རྣམ་པ་རྒྱུན་མི་ཆད་པར་གསར་གཏོད་བྱས་ནས། ཁྱད་ཆོས་ལྡན་པའི་ཏང་གཤིས་སློབ་གསོ་རྟེན་གཞི་སེམས་ཞིབ་མོས་བསྐྲུན་པ་རེད།

རྫོང་ཨུའི་ཏང་གི་སློབ་གྲྭས་བྱེ་སྣ་ས་ཆའི་ཀོས་ནན་བྱེ་བཅོས་སྙིང་སྟོབས་རྗེས་དྲན་ཁང་ལ་བརྟེན་ནས། “ཀོས་ནན་མི་དམངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཁུར་ལེན་དང་དཀའ་སྤྱད་འབད་སྒྲུབ་ཀྱི་ལས་སྐྲུན་སྙིང་སྟོབས། མང་ཚོགས་ནང་རྩ་བ་ཚུགས་པའི་དམངས་ལ་བཅངས་པའི་བརྩེ་སེམས། མཐུན་སྒྲིལ་དཀྱེལ་ཡངས་ཀྱི་ཡར་ཐོན་བསམ་བློ་ཡོད་པའི་ཀོས་ནན་བྱེ་བཅོས་སྙིང་སྟོབས”བཅས་ཤུགས་ཆེན་པོས་དར་སྤེལ་བཏང་བ་དང་། རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་འགྲེམ་སྟོན་ཁང་དེ་རྟེན་གཞི་རུ་བཟུང་ནས། གསར་པ་གསར་རྐྱང་གི་རྣམ་འགྱུར་མཚོན་སྟངས་ཀྱིས་དུས་རབས་གསར་པའི་ཀོས་ནན་གྱི་མི་རིགས་སོ་སོ་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བའི་ཡུལ་ལྗོངས་ཡག་པོ་ཞིག་གང་ལེགས་ཀྱིས་མངོན་པར་མཚོན་ཡོད་ལ། དྲིན་གཟོའི་འདུ་ཤེས་དང“མོས་མཐུན་ལྔ”དང“འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྔར་ལས་ཤུགས་ཆེར་བཏང་ཡོད། འབའ་ཐང་སྡེ་གསར་གྱི་བློ་མཐུན་མིན་ཧྭི་འདས་པའི་རྗེས་ཤུལ་དེ་ལས་སྟེགས་སུ་བྱས་ཏེ། མིན་ཧྭི་རྗེས་དྲན་ཁང་འཛུགས་སྐྲུན་བྱས་པ་དང་། དཔའ་བོའི་གཏམ་རྒྱུད་ལེགས་པར་བརྗོད་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྔར་ལས་ལྷག་པར་ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་པ་དང་། དེ་ནས་འགན་འཁྲིའི་འདུ་ཤེས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་བློའི་འདུ་ཤེས་སྔར་ལས་ཤུགས་ཇེ་དྲག་ཏུ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།