ཡུལ་ཤུལ་གྲོང་ཁྱེར་གྱི་ཏང་འཛུགས་སློབ་སྟོན་པས་འགུལ་སྐྱོད་དཔེ་གཞི་ཅན་གསར་དུ་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་རྩ་འཛུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྔར་ལས་བརྟན་པོར་གཏོང་ཆེད། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ། ཐོན་ཁུངས་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས། ཉེ་ཆར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་ཏང་དོན་བྱ་བར་ཆ་རྒྱུས་གསལ་པོ་ཡོད་པ་དང་འགན་འཁྲིའི་བསམ་པ་དྲག་པོ་ལྡན་པ། སྦྱོང་བརྡར་ཐོབ་པའི་འཇོན་ནུས་ཅན་གྱི་ཏང་ཡོན་ལས་བྱེད་པ140ལྷག་འདེམས་གསེས་བྱས་ནས་ཏང་འཛུགས་ཀྱི་ལས་འགན་འཁུར་བའི་སློབ་སྟོན་པ་རུ་གཏན་འཁེལ་བྱས་ཤིང་། ཏང་ཀྲི་པུའུ་བཙུགས་མེད་པའི་རྩ་འཛུགས་གསར་པ་གཉིས་དང་ཞང་གྲོང་རྡལ།(སྲང་ལམ) སྡེ་བ།(སྡེ་ཁུལ)ལས་ཁུངས་སྡེ་ཚན་གྱི་ཏང་རྩ་འཛུགས་དང་། “2468”ཀྱི་ཁྱད་ཆོས་ལྡན་པའི་ཏང་འཛུགས་དཔེ་སྟོན་བྱེད་གནས20ཙམ་ལ་འགན་གཙང་ལེན་འབྲེལ་གནས་ལམ་ལུགས་ལག་བསྟར་བྱས་ཡོད་ཅིང་། རྩ་འཛུགས་བྱ་བའི་ལས་བྱེད་པར“1︰1”གི་བསྡུར་ཚད་ལྟར་ཏང་འཛུགས་སློབ་སྟོན་པའི་ལས་འགན་འཁུར་དུ་བཅུག་ཡོད།

“ལེགས་འདེམས་བཟང་སྒྲིག་དང་ལེགས་ཁྲོད་ལེགས་འདེམས”ཀྱི་རྩ་དོན་ལ་གཞིགས་ནས། ཡུལ་ཤུལ་གྲོང་ཁྱེར་གྱིས་ཏང་འཛུགས་ལས་སྒོའི་ཤེས་བྱ་དང་ཁེ་ལས་ཏང་དོན་བྱ་བ། རྒྱང་བསྟེན་སློབ་གསོ་ས་ཚིགས་ཀྱི་བཀོལ་སྤྱོད་བྱེད་ཐབས་ལ་སོགས་པའི་ནང་དོན་གང་མང་ལ་དམིགས་བཞིན། གདན་འདྲེན་ཞུས་པའི་ཆེད་ལས་མི་སྣས་ཏང་འཛུགས་ཀྱི་སློབ་སྟོན་པ140ཙམ་ལ་ཕྱོགས་ཡོངས་ནས་མ་ལག་ཚང་བའི་གསོ་སྦྱོང་བྱས་པ་དང་། ཏང་འཛུགས་ཀྱི་ལྟ་སྐུལ་མཛུབ་སྟོན་ནུས་པ་སྔར་ལས་མཐོར་འདེགས་བཏང་ཞིང་། དུས་མཚུངས་སུ་ཏང་འཛུགས་ཀྱི་སློབ་སྟོན་པ་ལ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་། འབྲེལ་གཏུག་བྱེད་ཡུལ་གྱི་ལས་ཁུངས་དང་མངགས་གཏོང་བྱེད་མཁན་གྱི་ལས་ཁུངས་བཅས་ཕྱོགས་གསུམ་གྱི་མཉམ་འགུལ་དོ་དམ་ནང་རྐྱེན་གྱི་ལམ་སྲོལ་ལག་བསྟར་བྱས་པ་དང་། དུས་ཐོག་ཏུ་ཏང་འཛུགས་ཀྱི་སློབ་སྟོན་པས་བསམ་འཆར་བཏོན་ནས་ཚུར་སྣང་བྱས་པའི་གནད་དོན་དང་དཀའ་ཁག་གང་ཡོད་མཐུན་སྦྱོར་བྱས་ཏེ་ཐག་གཅོད་ལེགས་པོ་བྱས་པ་དང་། ཏང་འཛུགས་སློབ་སྟོན་པས་བྱ་བ་ཚུལ་བཞིན་དུ་སྤེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས།

གཟབ་ནན་གྱིས་དོ་དམ་བྱེད་པ་དང་དཔྱད་ཞིབ་ཤུགས་ཆེར་གཏོང་བའི་ཕྱོགས་ནས། ཏང་འཛུགས་སློབ་སྟོན་པའི་བྱ་བ་དེ་འབྲེལ་གཏུག་བྱེད་ཡུལ་ལས་ཁུངས་ཀྱིས་ཏང་འཛུགས་སློབ་སྟོན་པ་ལ་ཉིན་རྒྱུན་དུ་ལས་ཀར་བརྩོན་མིན་རྟོག་ཞིབ་བྱས་ཏེ་ཟིན་ཐོ་འདེབས་སུ་འཇུག་དགོས་པ་དང་། ཟླ་བ་རེ་རེར་ལས་རྐང་དུ་འབྱོར་ནས་སློབ་སྟོན་བྱེད་པའི་དུས་ཚོད་མངོན་གསལ་གྱིས་ཉུང་བ་དང་། བྱ་བར་མི་བརྩོན་པར་སྒྱིད་ལུག་བྱེད་པའི་ཏང་འཛུགས་སློབ་སྟོན་པ་དག་ལ། ཏང་འཛུགས་སློབ་སྟོན་པས་དུས་ངེས་གཏན་ནང་དུ་བྱ་བ་ཡར་ཞུ་བྱས་པར་ཉན་པ་དང་བྱ་བའི་ཉིན་ཐོ་ཟིན་བྲིས་ཀློག་བཤེར་བགྱིད་པའི་བྱེད་སྟངས་སྤྱད་ནས་ཏང་འཛུགས་སློབ་སྟོན་པས་བྱ་བ་གང་དག་སྤེལ་བའི་གནས་ཚུལ་ཐམས་ཅད་རྟོགས་ཐུབ་པར་བྱེད་དགོས། དུས་མཚུངས་སུ། ལོ་ཕྱེད་རེའི་ནང་ཏང་འཛུགས་སློབ་སྟོན་པར་གཅིག་བསྡུས་དཔྱད་ཞིབ་ཐེངས་རེ་སྤེལ་དགོས་ཤིང་། དེ་ལ་འགན་འཁྲི་ལག་བསྟར་དང་བྱ་བའི་སྤྱོད་ཚུལ། བྱ་བའི་ཕན་འབྲས། དམངས་གཙོ་ཚད་ལེན་དཔྱད་བསྡུར་བཅས་ཕྱོགས་བཞི་ཡི་ཐད་ནས་གྲངས་ཚད་བཅད་ནས་དཔྱད་བསྡུར་གདེང་འཇོག་སྤེལ་དགོས། ཏང་འཛུགས་སློབ་སྟོན་པ་ལ་ཕྱོགས་གང་ཐད་ནས་དཔྱད་ཞིབ་བྱེད་དགོས་པ་དང་། དཔྱད་ཞིབ་ཀྱི་མཇུག་འབྲས་དེ་ཕྱོགས་གསུམ་པའི་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱེད་དགོས་པར་མ་ཟད། ཏང་འཛུགས་སློབ་སྟོན་པའི་ལོ་འཁོར་དཔྱད་ཞིབ་དང་སྔོན་ཐོན་དཔེ་ལེགས་འདེམས་པའི་གཞི་འཛིན་ས་གལ་ཆེན་དུ་ཡང་བརྩི་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།