རྩེ་ཁོག་རྫོང2019ལོའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་གསར་སྐྲུན་མིང་ཐོར་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཞིང་ལས་ཞིང་སྡེ་པུའུ་དང་ནོར་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི2019ལོའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་གསར་སྐྲུན་མིང་ཐོའི་ནང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་ཚུད་ཡོད་ལ།དེ་ནི་བདེ་བླག་ངང་མིང་ཐོ་དེའི་ནང་དུ་ཚུད་པའི་རང་ཞིང་གི་ཐོན་ལས་གླིང་གཅིག་པུ་ཡིན།

རྩེ་ཁོག་རྫོང་ནོར་གནག་འབྲོག་ལུག་ཐོན་ལས་གླིང་ནི་རྫོང་ཁོངས་ཀྱི་རྩེ་ཆུ་གྲོང་རྡལ་དང་ཧོར་གྲོང་རྡལ་ལྟེ་གནས་ཡིན་པ་དང་། རྩེ་ཆུ་གྲོང་རྡལ་དང་ཉིན་ཕྱུག་ཞང་སོགས་གྲོང་རྡལ་གཉིས་དང་ཞང་གསུམ་གྱི་སྡེ་བ28ཀྱི་སྡེ་བ་རིམ་པའི་འབའ་ཐང་ཕྱུགས་རའི་ཁྱིམ་ཚང8377གྱི་མི་གྲངས35860དང་འབྲེལ་ཡོད། དེའི་ནང་དུ་དབུལ་ཁྱིམ2269དང་མི་གྲངས8653ཡོད་པ་དང་། འཆར་གཞིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི21.89ཡོད། ཐོན་ལས་གླིང་དེས་ནོར་གནག་དང་འབྲོག་ལུག་ཐོན་ལས་གཙོ་བོར་བཟུང་ཡོད་པ་དང་།“སྲོག་ཤིང་གཅིག་དང་ཡན་ལག་གཉིས། འཁོར་ལྟེ་གཅིག་དང་ས་ཁོངས་གཅིག”གི་སྤྱི་ཁོག་སྒྲིག་ཚུལ་ལྟར། སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་དང་ནོར་གནག་དང་འབྲོག་ལུག་གི་གསོ་སྤེལ་ཐོན་ལས་ལེགས་པོའི་རྨང་གཞི་ལ་བརྟེན་ནས། ལྗང་མདོག་འཕེལ་རྒྱས་དང་དཔེ་དབྱིབས་གསར་བཏོད་བརྒྱུད། འཁོར་རྒྱུག་འཕེལ་རྒྱས་དང་ཞིང་ཕྱུགས་ཟུང་འབྲེལ་གྱི་གསོ་སྤེལ་ཆགས་སྟངས་གསར་པ་ཆགས་ཡོད་པར་མ་ཟད། གསོ་སྤེལ་སྔ་གཞུག་གི་འབྲེལ་གནས་ལས་གཞི་སྔར་བས་རྒྱ་བསྐྱེད་དེ། ཐོན་ལས་འབྲེལ་ཐག་ཇེ་རིང་དུ་གཏོང་བ་དང་། ཐོན་ལས་ཨང་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འབྲེལ་བྱས་ཤིང་། ཐོན་སྐྱེད་དང་ལས་སྣོན། ཉོ་ཚོང་མཉམ་སྤེལ། ཉོ་ཚོང་དང་བཟོ་ལས། ཞིང་ལས་བཅས་གཅིག་ཏུ་འབྲེལ་བའི་ནོར་གནག་དང་འབྲོག་ལུག་གི་ཁྱད་ལྡན་གསོ་སྤེལ་ཐོན་ལས་གླིང་བསྐྲུན་ཡོད།

རྗེས་མར་རྩེ་ཁོག་རྫོང་གིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་གསར་སྐྲུན་བླང་བྱ་ལྟར། གཙོ་བོ་ལྗང་མདོག་གསོ་སྤེལ་དཔེ་སྟོན་ཁུལ་དང་སྐྱེ་ཁམས་འཁོར་རྒྱུག་འདེབས་གསོ་ཁུལ། དེང་རབས་ཞིང་ཕྱུགས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ཁུལ། ཕྱུགས་ལས་ཐོན་རྫས་སྤུས་ལེགས་ཅན་ལས་སྣོན་དང་ཟོང་དབོར་ཁུལ། སྐྱེ་ཁམས་སྤྲོ་གསེང་ལྟ་སྐོར་ཁུལ། ཞིང་ལས་ཕྱོགས་བསྡུས་ཞབས་ཞུ་ཁུལ་བཅས་ཀྱི་ཕན་ནུས་ཁུལ་ཆེན་པོ་དྲུག་བསྐྲུན་ནས། རྫོང་དེའི་ནོར་གནག་དང་འབྲོག་ལུག་ཐོན་ལས་གླིང་དེ་ཐོན་ལས་ཀྱི་ཁྱད་ཆོས་གསལ་ཞིང་ཆ་རྐྱེན་ཤིན་ཏུ་ལེགས་པོ་འཛོམས་པ། སྒྲིག་ཆས་གོ་མཚོན་སྔོན་ཐོན་ཡིན་པ། ཐོན་སྐྱེད་བྱེད་སྟངས་ལ་ལྷད་མ་འདྲེས་པ། དཔལ་འབྱོར་ཕན་འབྲས་མངོན་གསལ་ཡིན་པ། འགྱེད་འཕྲོ་སྐུལ་ཁྲིད་ཀྱི་ཤུགས་ཆེ་བ་བཅས་ཀྱི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།