གུང་ཧོ་རྫོང“རྒྱབ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི”རུ་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱབ་ཁབ་ཞིང་ལས་ཞིང་སྡེ་པུའུ་ཡིས་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང“རྒྱབ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་སྐོར་ཁག་གཉིས་པར”ངོས་འཛིན་བྱས།

རྒྱལ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་ངོས་འཛིན་བྱེད་པ་ནི་ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། འབྲུ་རིགས་དང་དཔལ་འབྱོར། ཁྱད་ལྡན་ལོ་ཏོག་ཐོན་ལས་སྐྱོན་བྲལ་དང་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་བ། ནུས་སྟོབས་ཆེ་བའི་ས་བོན་གསོ་སྤེལ་རྟེན་གཞིར་དུས་གཏན་དུ་སྲུང་སྐྱོབ་བྱེད་པར་སྐུལ་སྤེལ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན། ངོས་འཛིན་བྱས་ཟིན་པའི་རྒྱབ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་ནི་རྒྱལ་ཁབ་དེང་རབས་སོན་ལས་མཐོར་འདེགས་བཟོ་འགོད་ལས་གཞིའི་འཛུགས་སྐྲུན་གྱི་རོགས་སྐྱོར་བྱེད་ཁོངས་སུ་ནང་འཇུག་བྱེད་རྒྱུ་ཡིན་ལ། དེ་ནི་ནོར་སྲིད་ཀྱི་དངུལ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་ནུས་སྟོབས་ཆེ་བའི་སོན་བཟང་གསོ་སྤེལ་རྟེན་གཞིར་འདུ་བར་ཁྲིད་སྟོན་གྱི་ཕན་ནུས་ལྡན་ཞིང་། ཞིང་ཆེན་ཡོངས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་གཞི་ཁྱོན་ཅན་དང་འཕྲུལ་ཆས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་དུ་བསྒྱུར་བའི་ཆུ་ཚད་ནུས་ལྡན་གྱིས་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སོན་ལས་རིགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ནས་ཀྱི་ཐོན་ལས་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།