“བོད་ཀྱི་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི(མཚོ་སྔོན)”ཀྲུང་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་ཀྱི་ཆེད་དམིགས་ལས་གཞིའི་ནང་དུ་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུས་ཀྱིས་བསྒྲགས་པའི་གཏམ་བཟང་ལྟར་ན། ཉེ་ལམ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས“2019ལོའི་ཀྲུང་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་ཀྱི་ཆེད་དམིགས་ལས་གཞི”གྲས་སུ་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས། མཚོ་སྔོན་སློབ་ཆེན་གྱི་མི་ཁྲི་འཆར་གཞིའི་རྒྱལ་ཁབ་རིམ་པའི་དགེ་རྒན་མིང་གྲགས་ཅན་ཀླུ་བྱམས་རྒྱལ་གྱིས་མགོ་འཛིན་བྱས་པའི“བོད་ཀྱི་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི(མཚོ་སྔོན)”ནི་བོད་ཀྱི་གསོ་རིག་ཁྱབ་ཁོངས་ནས་ལས་གཞི་དེར་ཚུད་པ་གཅིག་པུ་ཡིན་ལ། ལག་བསྟར་དུས་ཡུན་ལོ1རེད།

“བོད་ཀྱི་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི(མཚོ་སྔོན)”ལས་གཞི་ཡིས་མཚོ་སྔོན་སློབ་ཆེན་གྱི་བོད་ཀྱི་གསོ་རིག་སློབ་གླིང་དང་ཞིང་ཆེན་བོད་སྨན་ཁང་། ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་བཤམས་སྟོན་ཁང་བཅས“གནས་ལྔ་གཞི་གཅིག(ཐོན་སྐྱེད། སློབ་གཉེར། ཞིབ་འཇུག གསོ་རིག རིག་གནས)”ནང་རྐྱེན་དང“W+2+5+3”བོད་ཀྱི་གསོ་རིག་རྒྱལ་སྤྱིའི་མཉམ་ལས་ཀྱི“མཚོ་སྔོན་གཉེར་སྟངས”ལ་བརྟེན་ནས། མཚོ་སྔོན་སློབ་ཆེན་གྱི་མི་རིགས་གསོ་རིག་འཇོན་མི་སྐྱེད་སྲིང་བྱེད་པ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཆེད་དུ་སྟེགས་བུ་གསར་པ་ཞིག་འདོན་སྤྲོད་བྱེད་རྒྱུ་རེད། རྟེན་གཞི་དེས་གཙོ་བོར“རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་དག་ལ་བོད་ཀྱི་གསོ་རིག་རིག་གནས་བརྒྱུད་སྒྲོག་བྱེད་པ་དང་བོད་ཀྱི་གསོ་རིག་འཇོན་མི་སྐྱེད་སྲིང་བྱེད་པ། བོད་ཀྱི་གསོ་རིག་ལ་འཚམ་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་བ་བཅས་ཀྱི་ཟམ་ཁའི་བཙན་རྫོང་ལྟ་བུའི་འགན་ནུས་ཁུར་དུ་ལེན་པ་དང་། 《ཀྲུང་ལུགས་གསོ་རིག་གི“རྒྱུད་གཅིག་ལམ་གཅིག”འཕེལ་རྒྱས་འཆར་འགོད(2016—2020)》དོན་འཁྱོལ་མཐར་ཕྱིན་བྱས་ཏེ་བོད་ཀྱི་གསོ་རིག་རིག་གནས་ཕྱིར་བསྐྱོད་པར་སྣེ་འཁྲིད་བྱེད་པ་དང་ཀྲུང་ཧྭའི་རིག་གནས་མཉེན་བསྒྱུར་དངོས་ཤུགས་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་ཞིག་ཏུ་བསྒྱུར་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།