རྫ་སྟོད་རྫོང་གི་ཆུང་འབྲིང་སློབ་མའི “དགའ་ཞེན་གསུམ” གྱི་སློབ་གསོའི་ལག་ལེན་བྱ་འགུལ་སྐབས་ལྔ་བ་མཇུག་སྒྲིལ།

1566477387515335.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས22ཉིན། བདེན་འཚོལ་དུས་དེབ་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། པེ་ཅིང་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཆུང་འབྲིང་སློབ་མའི  “དགའ་ཞེན་གསུམ” བྱ་འགུལ་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་སྙན་ཞུ་དང་མཇུག་སྒྲིལ་རིག་རྩལ་འཁྲབ་སྟོན་བདེན་འཚོལ་དུས་དེབ་ཁང་དུ་བསྡུས། དེས་ཐེངས་འདིའི་ “དགའ་ཞེན་གསུམ” གྱི་བྱ་འགུལ་ཡོངས་སུ་མཇུག་སྒྲིལ་བ་མཚོན་པ་རེད།

613f81bcd7846dc611a9420cba5af32d.jpg

ཉིན10ཡི་དུས་ཚོད་ནི་སྐལ་ཅིག་ཙམ་དུ་གྱུར་ཏེ་ཆེས་མཐའ་མར་ཁ་བྲལ་བའི་དུས་ལ་སླེབས། མཇུག་སྒྲིལ་མཛད་སྒོའི་སྟེང་མི་རིགས་ཀྱི་གྱོན་གོས་གོན་པའི་བྱིས་པ50ཡིས་མཐོ་སྒང་ནས་བསྣམས་ཡོང་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་དང་གླུ་དབྱངས། ཞབས་བྲོ་སོགས་འཁྲབ་སྟོན་བྱས། ཁོ་ཚོའི་གླུ་སྐད་དང་ཞབས་བྲོ། མཉམ་ལེན། སྙན་ངག་གྱེར་འདོན་བཅས་ལས་ཁོ་ཚོའི་སེམས་སུ་ཏང་དང་མེས་རྒྱལ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་ལྡན་པ་མཚོན་ནུས་པ་ལས་གཞན། པེ་ཅིང་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་གི་དགེ་རྒན་དང་ལས་བྱེད་མི་སྣ། དང་བླངས་བ་བཅས་ལ་བཀའ་དྲིན་མཚོན་བྱེད་དུ་ཕུལ་བ་མཚོན།  

9f5cf9292d4db43b258f2761b61fa9da.jpg

འདས་པའི་ཉིན་བཅུ་ཡི་བལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད་སྔར་ལས་ལྷག་པར་རླབས་ཆེ་བའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་གོའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་གང་ལེགས་ཐོབ་པ་མ་ཟད་བྱིས་པ་དག་གི་མིག་རྒྱ་ཡངས་པོར་ཕྱེས་ཤིང་བླ་མེད་ཀྱི་ཕུགས་འདུན་བརྟན་པོ་ཆགས།

1566476579965479.jpg

ཐེངས་འདིའི་བྱ་འགུལ་གྱི་འགན་སྒྲུབ་ལས་ཁུངས་ཏེ་པེ་ཅིང་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲུའུ་གའོ་ཆིན་གྱིས་བསྟན་དོན། དགའ་ཞེན་གསུམབརྗོད་སྙིང་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བ་ནི་ཏང་ཀྲུང་དབྱང་གི་གནད་འཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་བྱ་བ་ཁྱོན་ཡོངས་ནས་དངོས་འབེབ་དོན་འཁྱོལ་བྱས་པའི་མཚོན་བྱེད་ཙམ་ཡིན་པས་དེར་དོན་སྙིང་གལ་ཆེན་ལྡན་པ་རེད། ཁོས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་བྱིས་པ་རྣམས་དང་ཕན་ཚུན་ངོ་ཤེས་ཤིང་ཕན་ཚུན་གྲོགས་པོ་བཟང་བོར་གྱུར་ཡོད་ལ། ཉིན་བཅུ་རིང་གི་པེ་ཅིན་གྱི་མཐོང་ཐོས་མྱོང་གསུམ་རྣམས་ཕྱིར་ཕ་ཡུལ་དུ་འཁྱེར་ནས་ཉེ་འཁོར་གྱི་སློབ་གྲོགས་དང་གྲོགས་པོ། ཡུལ་མི་སྤུན་ཟླ་བཅས་ཀྱི་སྙན་ལམ་དུ་བསྒྲོན་རྒྱུ་དང་།  བྱིས་པ་ཚོས་ཧུར་ཐག་འབད་ཐག་དང་ནན་ཏན་སྒོས་སློབ་སྦྱོང་བཟང་བོ་བྱ་རྒྱུ་དང་།   “དགའ་ཞེན་གསུམ”གྱི་ས་བོན་མཐོ་སྒང་དུ་འདེབས་འཛུགས་བྱས་ནས་མ་འོངས་པར་མེས་རྒྱལ་ཀྱི་རྐང་འཛིན་པར་འགྱུར་བར་སྨོན་འདུན་ཞུ་ཞེས་བཤད། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

1566476606787726.jpg

1566476596585995.jpg


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།