མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་པ་དང་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ8པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་སོ་བརྒྱད་པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱིས་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལོ་རེའི་དམིགས་འབེན་དཔྱད་ཞིབ་འགན་ཁུར་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་བསྡུས་པའི་སྐོར་གྱི་བཀོད་སྒྲིག་བསམ་འཆར་ལ་གྲོས་འཆམ་བྱུང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཡང་དག་པའི་སྒོ་ནས་མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་ཞིབ་འཇུག་བྱ་བའི་སྤྱིའི་རེ་བ་དམ་འཛིན་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། གཞུང་ལུགས་ཞིབ་འཇུག་བྱ་བ་དེ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལྡན་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྐུལ་འདེད་བྱེད་དགོས། ཏང་གི་གསར་སྐྲུན་གཞུང་ལུགས་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་དུས་རབས་གསར་བའི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བས་གདོང་གཏོད་དགོས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་ལ་དམིགས་ནས་ཆབ་སྲིད་སྣེ་ཁྲིད་རྐྱེན་སྲོལ་འཐུང་ཚང་དུ་གཏོང་བར་སྐུལ་འདེད་དང་། གྲོས་མོལ་སྤུས་ཚད་དང་ཕན་ནུས་མཐོར་འདེགས་སུ་གཏོང་བ། གཞི་རིམ་གྲོས་མོལ་དམངས་གཙོ་འཛུགས་སྐྲུན་སྲ་སྒྱུར་བྱེད་པ་སོགས་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ཞིབ་འཇུག་བྱས་ནས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་བར་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། གཞུང་ལུགས་ཞིབ་འཇུག་གི་ཡུན་རིང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞུང་ལུགས་ཞིབ་འཇུག་ཚོགས་འདུའི་སྟེགས་བུ་གཞི་རྟེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ནས་གཞུང་ལུགས་ཞིབ་འཇུག་སྤུས་ཚད་དང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཟེར།

ཚོགས་འདུ་ལས《ཞིང་ཆེན་སྲིད་གྲོས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་དང་གཞི་རིམ་འགན་ཁུར་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་འགའ》དང《སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》《ཀྲུང་གུང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་བྱ་བའི་སྒྲིག་སྲོལ་དབྱེ་བ》《མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིས་ཐུན་མོང་གི་བྱ་བར་ལྟ་ཞིབ་བྱེད་ཐབས》《མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱིས་མཉམ་འབྲེལ་སྒོས་ལྟ་ཞིབ་བྱེད་ཐབས》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།