2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ་ལྔ་བརྒྱའི་མཐོ་རིམ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ་ལྔ་བརྒྱའི་མཐོ་རིམ་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ཟི་ལིང་ནས་ཚོགས། མཐོ་རིམ་གྲོས་ཚོགས་ཀྱིས་ལས་སྐྲུན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་འདུན་ཇེ་བརྟན་དུ་གཏོང་རྒྱུ་དེ་བརྗོད་སྙིང་དུ་བྱས་ལ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་བཅས་ཀྱིས་རྒྱབ་སྐྱོར་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གའོ་ཡུན་ལུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཏང་ཙུའུ་ཁོངས་མི་ཐང་ཅུན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཧོང་ཐེན་ཡུན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཁེ་ལས་འབྲིང་ཆུང་ཅུའུ་ཡི་ཅུའུ་ཀྲང་མཱ་ཞང་ཧོས་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཞུས་ལི་ཅང་གིས་བརྗོད་དོན་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་མཐོ་རིམ་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཕན་ཡོའུ་ཧྲན་གྱིས་མཐོ་རིམ་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད། 2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ་ལྔ་བརྒྱའི་མིང་རིམ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་རུང་གིས་2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ་ལྔ་བརྒྱའི་དབྱེ་ཞིབ་སྙན་ཞུ་ཁྱབ་བསྒྲགས་བྱས།

ཀའོ་ཡུན་ལུང་གིས་ཤིས་ཚིག་ནང་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ཚང་མས་དོ་སྣང་ཆེན་པོ་བྱས་པ་དང་དོན་ཆེན་རྒྱུན་ཆད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་མཛིན་མཛད་དེ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དམངས་གཉེར་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་ལམ་ལུགས་ཀྱི་ནང་ཁོག་གི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ནི་ང་ཚོ་རང་གི་མི་ཡིན་ཞེས་གསུང་། ཕུལ་དུ་བྱུང་བའི་དམངས་གཉེར་ཁེ་ལས་པ་སྐོར་ཞིག་ལ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་བཅོས་བསྒྱུར་སྔོན་བསྐྱོད་པའི་མཚན་སྙན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་ཁྲོད་གཟེངས་བསྟོད་ཐོབ་པའི་དམངས་གཉེར་ཁེ་ལས་པར་འཕྲིད་ལན་བསྐུར། གཟིགས་སྐྱོང་གི་འགུལ་སྐྱོད་དེ་དག་གིས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་གསོན་ཤུགས་གསར་བ་བསྣན་པ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་ལ་སྐུལ་མ་ཆེན་པོ་ཐེབས་ཟེར།

ཀའོ་ཡུན་ལུང་གིས་བསྟན་དོན། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཡིན་ལ། མཚོ་སྔོན་གྱིས་ཀྲུང་གོའི་དམངས་གཉེར་ཁེ་ལས་ཆེན་པོ་ལྔ་བརྒྱའི་མཐོ་རིམ་གྲོས་ཚོགས་བསྡུས་པའི་དམིགས་འབེན་གྲས་ཀྱི་གཅིག་ནི་མཚོ་སྔོན་སོགས་ནུབ་རྒྱུད་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཁེ་ལས་པ་རྣམས་མཚོ་སྔོན་དུ་ཡོང་བ་དང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་ལ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། རྒྱལ་ཁབ་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་ཡར་ཐོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་གཙོ་གཞི་གལ་ཆེན་ཡིན་པས། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། ཧུར་ཐག་གིས་ལོ་རྒྱུས་དང་དུས་རབས་ལ་ངོ་གནོངས་མི་དགོས་པའི་གྲུབ་འབྲས་གསར་བ་བསྐྲུན་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཝང་ཅན་ཅུན་གྱིས་ཤིས་ཚིག་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་དུས་ཡུན་རིང་བ་དང་། རྩ་འཛུགས་འགོ་ཁྲིད་ལ་སྟོབས་ཤུགས་ལྡན་ལ། གོང་རིམ་འཆར་འགོད་ཧ་ཅང་བཟང་བ་དང་། བྱ་འགུལ་ལ་ཁྱད་ཆོས་ཆེན་པོ་ལྡན། ཚང་མ་ཐུན་མོང་གི་དམིགས་འབེན་གྱི་ཆེད་དུ་ལྷན་དུ་འཛོམས་ནས། དོན་ཆེན་ལ་གྲོས་ཞིབ་དང་དོན་དག་གསར་བར་གྲོས་སྡུར་བྱེད་པ། དཀའ་གནད་ལ་ཞིབ་འཇུག་བྱེད་པ། དོན་བཟང་ཐད་ནས་བརྗེ་རེས་བྱེད་པ། དོན་དངོས་བསྒྲུབ་པ་བཅས་བྱས་ནས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཁེ་ལས་པ་ཚང་མས་མེས་རྒྱལ་སྟོབས་ལྡན་དུ་བསྒྱུར་བ་དང་། མི་རིགས་བསྐྱར་དར་བྱེད་པའི་ཐད་ཀྱི་ཁག་ཁུར་སྙིང་སྟོབས་དང་བཟོ་སྐྲུན་པའི་སྙིང་སྟོབས་མངོན་པར་བྱས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།