རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྟོབས་ཤུགས་འཕེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ཚེས19དང20ཉིན་མཚོ་སྔོན་གྱི་ཟི་ལིང་དུ་གཉེར་ཞིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྟོབས་ཤུགས་འཕེལ་བཞིན་ཡོད་ཅེས་བརྗོད་པ་རེད།

མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ཕང་བར་གནས་པའི་ཡུལ་ཤུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ1984ལོར་བསྐྲུན་པ་དང་། དེ་ནི་རང་རྒྱལ་དུ་བསྐྲུན་པའི་ཁྲུང་ཁྲུང་སྐེ་ནག་དང་དེའི་རྒྱུད་སྤེལ་ས་སྲུང་སྐྱོང་བྱ་ཡུལ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད། གནས་དེར་མིག་སྔར། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱ་རིགས5ཡོད་པ་རེད།

རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་པ་སངས་ཚེ་རིང་གིས། ས་ཚིགས་བཙུགས་ནས་ལོ30ལྷག་ཙམ་སོང་རིང་། སྲུང་སྐྱོང་ཁུལ་དེའི་བྱ་རིགས་དེ་སྔའི་ཁག14ཚན་པ28རིགས61ནས་ཁག16ཚན་པ36རིགས111བར་མང་དུ་སོང་ཡོད་ཅེས་བཤད།

མིག་སྔའི་བར། རང་རྒྱལ་གྱིས་བྱང་ཤར་གྱི་སྟག་གཟིག་དང་། མདོ་ལ་རིང་མོ། དོམ་ཁྲ། གཙང་གསུམ་ཆུ་འགོ ཚ་བ་ཆེ་ཞིང་ཆར་ཆུ་མང་སའི་ནགས་ཚལ། ཝུའུ་དབྱི་རི་བོ། ཧྲེན་ནུང་ཅ། པོ་ཏ་མཚོ། ཆན་ཅང་གཙང་པོའི་ཆུ་འགོ ལྷོ་རི་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་བསྐྲུན་པར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི20ལྷག་ཡོད། རིགས་གཅིག་མཁས་ཅན་གྱིས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཟོས་པ་ནི་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་ལམ་སྲོལ་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་གྱི་གྲས་ཡིན་ལ་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་ཉམས་གསོར་ཤུགས་སྣོན་རྒྱག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་མ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།