“དུས་རབས་གསར་བར་ང་དང་མེས་རྒྱས་མཉམ་དུ་འཚར་ལོངས་བྱུང”ཞེས་བརྗོད་དོན་ཡིན་པའི་གཏམ་བཤད་འགྲན་བསྡུར་སྤེལ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས"དུས་རབས་གསར་བར་ང་དང་མེས་རྒྱས་མཉམ་དུ་འཚར་ལོངས་བྱུང" ཞེས་པ་བརྗོད་དོན་ཡིན་པའི་གཏམ་བཤད་འགྲན་བསྡུར་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་རྒྱལ་ཁའི་ངང་མཇུག་རྫོགས་པ་དང་། ཁུལ་ཡོངས་ཀྱི་ལས་ཁུངས་དང་ལས་རིགས་སོ་སོ་ནས་ཐོན་པའི་འགྲན་ཞུགས་མི་སྣ19ཐེངས་འདིའི་འགྲན་བསྡུར་ལ་ཞུགས། མགོ་ལོག་ཁུལ་གྱི་ཐད་གཏོགས་ལས་ཁུངས་དང་ཁེ་ལས། སློབ་གྲྭའི་དགེ་རྒན་སོགས་མི500ལྷག་གིས་གཏམ་བཤད་ལ་ཉན།

འགྲན་བསྡུར་ཁྲོད། འགྲན་ཞུགས་མི་སྣས"དུས་རབས་གསར་བར་ང་དང་མེས་རྒྱས་མཉམ་དུ་འཚར་ལོངས་བྱུང" ཞེས་པ་བརྗོད་དོན་གཙོར་བྱས་ཏེ། ལས་ཁུངས་དང་རང་ཉིད་ཀྱི་མྱོང་ཚོར། ཡང་ན་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་དཔེ་མཚོན་མི་སྣ་དང་དཔེ་མཚོན་བྱ་བ་གཞིར་བྱས་ནས་གཏམ་བཤད་སྤེལ། 

རྒྱུས་ལོན་པ་ལྟར་ན། ཟླ8པ་ནས་བཟུང་། མགོ་ལོག་ཁུལ་གྱི་རྫོང་སོ་སོ་དང་སྡེ་ཁག་སོ་སོས་སྔ་གཞུག་ཏུ"དུས་རབས་གསར་བར་ང་དང་མེས་རྒྱས་མཉམ་དུ་འཚར་ལོངས་བྱུང" ཞེས་པ་བརྗོད་དོན་ཡིན་པའི་གཏམ་བཤད་འདེམས་སྒྲུག་འགྲན་བསྡུར་སྤེལ་བ་དང་།  བཅོས་བསྒྱུར་སྒོ་འབྱེད་བྱས་པས་རིགས་སོ་སོའི་མི་དམངས་ལ་འཆམ་མཐུན་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་བསྐྲུན་པ་འགྲེམ་སྟོན་བྱས་པ་དང་། མགོ་ལོག་ཁུལ་གྱི་ས་གནས་སོ་སོ་རུ་ཏང་གི་སྲིད་ཇུས་སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།