ད་ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི51ལ་ཆོག་མཆན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། 2019ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལོ་འཁོར་ལས་གཞི་ལེགས་འགྲུབ་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་མཚོ་སྔོན་ཞིང་ཆེན་གྱི་ལས་གཞི51ལ་ཆོག་མཆན་ཐོབ། དེའི་ཁྲོད་སྤྱིར་བཏང་གི་ལས་གཞི24དང་ན་གཞོན་གྱི་ལས་གཞི3། ནུབ་རྒྱུད་གྱི་ལས་གཞི24བཅས་འདུས་ཡོད་ལ། རོགས་སྐྱོར་མ་དངུལ་སྒོར་ཁྲི1020ཡན་ལ་སླེབས། ལས་གཞི་དེ་དག་གཙོ་བོར་མི་རིགས་རིག་པ་དང་ཆོས་ལུགས་རིག་པ། སྐད་བརྡ་རིག་པ། སྤྱི་ཚོགས་རིག་པ། མར་ལེ་རིག་པ། བེད་སྤྱོད་དཔལ་འབྱོར་རིག་པ། དོ་དམ་རིག་པ། ཀྲུང་གོའི་རྩོམ་རིག ལུས་རྩལ་རིག་པ། ཁྲིམས་ལུགས་རིག་པ། ཀྲུང་གོའི་ལོ་རྒྱུས། འཛམ་གླིང་ལོ་རྒྱུས། དཔེ་མཛོད་ཁང་། ཡིག་ཚང་ཞིབ་འཇུག རྒྱལ་སྤྱིའི་གནད་དོན་ཞིབ་འཇུག བསྡོམས་རྩིས་རིག་པ། གནའ་དཔྱད་རིག་པ་བཅས་རིག་ཚན་སྣ16ལྷག་འདུས་ཡོད།

ད་ལོར་ཞིང་ཆེན་སྤྱི་ཚོགས་ཚན་རིག་འཆར་འགོད་ནང་བསྡོམས་པས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི310ཡར་ཞུ་བྱས་པ་དང་ལེན་བྱས། དེ་དག་ཐོབ་ཐང་ཞིབ་བཤེར་དང་། ཐོག་མའི་ཞིབ་བཤེར། བསྐྱར་ཞིབ་བཅས་ནན་ཏན་སྒོས་ལེགས་འདེམས་བྱས་མཐར། ལས་གཞི220དངོས་སུ་རྒྱལ་ཡོངས་ཚད་མ་རིག་པ་དང་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་སྒྲུང་ཁང་ལ་ཞུ་འབུལ་བྱས་ཤིང་ཆོག་མཆན་ཐོབ་ཚད 23.18%ལ་སླེབས་པ་དེ་རྒྱལ་ཡོངས་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

2016ལོའི་ཚུན་དུ། བསྟུད་མར་ལོ5རིང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་ལས་གཞི་མུ་མཐུད་དུ་ཇེ་མང་ལ་བཏང་ནས་བསྡོམས་པས་ལས་གཞི237ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི50000ཟིན་པ་དེམཚོ་སྔོན་ཞིང་ཆེན་ཚད་མ་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱེད་པའི་ལྔ་བཅུ་གསུམ་པའི་འཆར་འགོད་རྩ་དོནགྱི་དམིགས་ཚད་ལས་དུས་སྔོན་ལ་ལེགས་འགྲུབ་བྱུང་ཡོད། ། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།