མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལྟ་ཞིབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལྟ་ཞིབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་གཏམ་བཤད། ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཀའོ་ཧྭ། ཝུའུ་ཧེ་ཁུན་བཅས་ཚོགས་འདུར་ཞུགས། མཱ་ཝེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཀྲང་ཀོང་རུང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། ནན་ཏན་སྒོས་ཞིང་ཆེན་ཏང་ཨུའི་དུས་རབས་གསར་པའི་དམངས་ཆེན་ལྟ་ཞིབ་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པར་སློབ་སྦྱོང་ནན་མོ་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལྟ་ཞིབ་བྱ་བར་སྤྱི་སྡོམ་བཀོད་སྒྲིག་ལེགས་པོ་བྱས་ཏེ། དུས་རབས་གསར་པའི་དམངས་ཆེན་ལྟ་ཞིབ་བྱ་བའི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ་དང་། ཞིང་ཆེན་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་མི་སྣ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་འགན་ཁུར་མི་སྣ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།