གཅན་ཚ་རྫོང་གིས་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ།

WX20190822-092245@2x.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་། མི་འགྱངས་སྤེལ་ལ་ཉེ་བའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང་བའི”བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ལ་བསམ་བློའི་རྨང་གཞི་བརྟན་པོ་འདིང་ཆེད། ཟླ8པའི་ཚེས16ཉིན། གཅན་ཚ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་སྣེ་ཁྲིད་འོག སྲིད་ཁྲིམས་དང་། འཕྲོད་བསྟེན། སློབ་གསོ། ཁྲལ་དོན། ཁྲོམ་ར་ལྟ་སྡོམ། ཞིང་ཕྱུགས་སོགས་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། མར་ཁུ་ཐང་གྲོང་རྡལ་དང་སྣང་ར་ཞང་གི་རོང་འབྲོག་ཏང་ཡོན་གྱི་འཐུས་ཚབ་ཁྱོན་བསྡོམས་མི260ལྷག་གིས་སྣང་ར་ཞང་བདེ་སྐྱིད་སྡེ་བའི་བདེ་སྐྱིད་ཐང་ཆེན་དུ“ངས་དམ་ཚིག་སྒྲོག”ཞེས་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ། 

WX20190822-092301@2x.png

WX20190822-092311@2x.png

བྱ་འགུལ་འདི་ནི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་ངར་ཤུགས་སློང་བའི་བརྗོད་དོན་ཏང་གི་བྱ་འགུལ་ཞིག་ཡིན་པ་མ་ཟད། ཐོག་མའི་བསམ་འདུན་ནི་སྒུལ་ཤུགས་སུ་བྱེད་པ་དང་འགན་འཁྲི་ཐེག་ཁུར་གྱི་ལག་ལེན་སློབ་ཁྲིད་ཐུན་གཅིག་ཀྱང་རེད། ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཐེངས་འདིའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ལ་ཞུགས་པ་བརྒྱུད་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་ལ།དེང་ཕྱིན་གྱི་བྱ་བའི་ཁྲོད། ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཆང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས། དམར་པོའི་རྒྱུད་རྒྱུ་རྒྱུན་འཛིན་སྒོས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་མེས་རྒྱལ་གྱི་འཁྲུངས་སྐར70བ་ལ་ལེགས་སྐྱེས་འབུལ་བའི་བསམ་པ་བསྟན། 

WX20190822-092322@2x.png

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།