ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས19ཉིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་བཙུགས་པ་དང་འགན་སྒྲུབ་དམ་བཅའི་ཚོགས་ཆེན་དེ་མདོ་བ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་འཚོགས་པ་རེད། མཚོ་སྔོན་གྱི་མི་རིགས་ལུས་རྩལ་པ152སྐབས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་པ་དེ་ནི་རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དང་མི་གྲངས་མང་ཤོས་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་ཧྲིན་ཀྲང་གཞོན་པ་དབྱང་ཧླིན་ཁྲུན་ཚོགས་འདུར་ཕེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དེ་ཟླ9བའི་ཚེས8ནས་ཚེས16ཉིན་བར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་པ་དང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས་ཆེས་ཐོག་མར་གཉེར་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་འགྲན་སྡུར་ཆེ་གྲས་ཤིག་རེད།
ཚོགས་འདུ་གྲོལ་རྗེས་མགོན་པོ་བཀྲ་ཤིས་དང་དབྱང་ཧྥིན་ཁྲུན་གྱིས་ལུས་རྩལ་པའི་སྦྱོང་བརྡར་གྲ་སྒྲིག་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་བཙུགས་པ་དང་འགན་སྒྲུབ་དམ་བཅའི་ཚོགས་ཆེན་འཚོགས་པ།