2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གཞས(བོད་སྐད་སྲོལ་རྒྱུན་ལེན་སྟངས)འགྲེམ་སྟོན་བྱ་འགུལ་སྤེལ་མགོ་ཚུགས་པ།

WX20190820-110007@2x.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན།) ཟླ8པའི་ཚེས20ཉིན་གྱི་སྔ་དྲོར། གུང་ཧོ་རྫོང“མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་མཐོ་རུ་གྱེར་ནས་རླབས་ཆེ་བའི་མེས་རྒྱལ་ལ་བསྟོད་གླུ་འབུལ”ཞེས་པའི2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གཞས(བོད་སྐད་སྲོལ་རྒྱུན་ལེན་སྟངས)འགྲེམ་སྟོན་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་ཁུལ་ལུས་རྩལ་ར་བ་ནས་སྤེལ་མགོ་ཚུགས། གུང་ཧོ་རྫོང་ནི“བོད་ཀྱི་མཛའ་གཞས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད་ལ། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་བོད་ཁུལ་གྱི་ས་གནས་སོ་སོ་དང་མི་རིགས་ཕན་ཚུན་བར་གྱི་དམངས་ཁྲོད་རོལ་དབྱངས་ལ་སྔོག་འདོན་དང་སློབ་སྦྱོང་། བརྗེ་རེས་དང་གོང་སྤེལ་གཏོང་བར་ནུས་བ་གང་ལེགས་གདོན་ནུས་ཤིང་། མི་རིགས་དང་དམངས་ཁྲོད་རིག་གནས་ལ་སྲུང་སྐྱོང་དང་བརྒྱུད་འཛིན། དར་སྤེལ་གཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་རྒྱས་སུ་གཏོང་བར་བྱས་རྗེས་བླ་ལྷག་འཇོག་ནུས་པ་མ་ཟད། ས་གནས་རིག་གནས་ཀྱི་ཁྱད་རྟགས་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་པ་རེད།

WX20190820-110738@2x.jpg

ཐེངས་འདིའི་བྱ་འགུལ་སྟེང་རྒྱལ་ཡོངས་ཀྱི་ལྗོངས་ཞིང་ལྔའི་གླུ་བ་གླུ་མ་དག་གདན་འདྲེན་བྱས་ཡོད་ལ། ཡུལ་སྐད་ཆེན་པོ་གསུམ་ཚན་ཁག་རེ་རེར་བགར་ནས་འགྲན་སྡུར་བྱ་རྒྱུ་ཡིན་པ་རེད། 

WX20190820-105421@2x.jpg

འགྲན་སྡུར་གྱི་གོ་རིམ་ཆ་ཚང་མཚོ་ལྷོ་ཚགས་པར་ཁང་དང་གངས་ལྗོངས་མེ་ལོང་དྲ་བ། གངས་ལྗོངས་མེ་ལོངAPPབརྒྱུད་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་གསར་འགྱུར་སྨྱན་བྱད་མང་པོས་ཡུལ་དངོས་ཀྱི་གནས་ཚུལ་སྐབས་ཐོག་ཏུ་བརྒྱུད་སྒྲོག་བྱ་རྒྱུ་རེད།

WX20190820-111216@2x.jpg

ཡུལ་དངོས་ཀྱི་ཐད་གཏོང་ལ་གཟིགས་འདོད་ན་འདིར་མནོན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།