རྒྱལ་ཡོངས་རྒྱང་སྒྲོག་མཉམ་སྦྱོར་སྨྱན་བྱད་ཀྱི་བཅར་འདྲི་བྱ་འགུལ་སྐབས་གཉིས་པ་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པར་རྒྱལ་ཡོངས་མངའ་ཁོངས་སུ་མཚོ་སྔོན་བོད་ཁུལ་གྱིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཡར་ཐོན། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་བཅས་ཁྱབ་ཁོངས་གཙོ་གྲས་ཁག་གི་སྔར་ན་མ་མཆིས་པའི་རྣམ་པ་བཟང་བོ་མངོན་མཚོན་བྱ་ཆེད། ཟླ8པའི་ཚེས19ཉིན། རབ་མཛེས་མཚོ་སྔོན་ལ་བཅར་ནས་མཚོ་ལྷོའི་གཏམ་རྒྱུད་བརྗོད་པ་དང་བོད་ཁུལ་གྱི་འཕེལ་རྒྱས་ལ་ལྟ་བ”ཞེས་པའི་རྒྱལ་ཡོངས་རྒྱང་སྒྲོག་མཉམ་སྦྱོར་སྨྱན་བྱད་ཀྱི་བཅར་འདྲི་བྱ་འགུལ་སྐབས་གཉིས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་དངོས་སུ་མགོ་ཚུགས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བཅར་འདྲིའི་བྱ་འགུལ་ཁྲོད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་རྒྱང་སྒྲོག་མཉམ་སྦྱོར་སྨྱན་བྱད་དང་ཀྲུང་དབྱང་སྨྱན་བྱད། དེ་མིན་ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་ཁག་གི་གསར་འགོད་པ་རྣམས་མཚོ་ལྷོ་རུ་འདུས་ནས། རྒྱང་སྒྲོག+དྲ་རྒྱའི་ནུས་པ་དང་། རྒྱལ་ཡོངས་ཀྱི་ས་བབ་ཤུགས་རྐྱེན་དང་རྒྱལ་སྤྱི་རང་བཞིན་གྱི་སྒོ་འབྱེད་སྟེགས་བུའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པའི་སྟེང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་རྒྱང་སྒྲོག་མཉམ་སྦྱོར་སྨྱན་བྱད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། བསྡུས་འཕྲིན་དང་ཆེད་སྒྲིག ཁ་པར་སྦྲེལ་བ་སོགས་ཀྱི་རྣམ་པའི་སྟེང་ནས་སྐད་འཕྲིན་དང་། པོད་ཕྲན། མཐུད་སྣེ་སོགས་མཉམ་སྦྱོར་སྨྱན་བྱད་ཀྱི་ཐབས་ལམ་བཀོལ་ནས་མཚོ་ལྷོ་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་ཀྱི་རྣམ་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་མཐུན་སྒྲིལ་དམ་ཟབ་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པ་དང་། རི་སྔོ་ཆུ་དྭངས་ཀྱི་དམིགས་འབེན་ལེགས་པར་འགྲུབ་པའི་ཆོད་སེམས་མངོན་མཚོན་བྱ་རྒྱུ་རེད། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།