རྩེ་ཁོག་རྫོང་གིས་བོད་ཀྱི་དམངས་གླུ་དང་རྡུང་ལེན་ལ་གཞས་འགྲན་སྡུར་སྤེལ།

WechatIMG35.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  (གསར་འགོད་པ། མཁའ་འགྲོ་ཚེ་བརྟན།)ཉེ་ལམ། རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་། རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་ཁང་གིས་འགན་སྒྲུབ་བྱས་པའི་རྩེ་ཁོག་རྫོང་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མུ་འབྲེལ་རིག་རྩལ་བྱ་འགུལ་ལས་དམངས་གླུ་དང་རྡུང་ལེན། ལ་གཞས་འགྲན་བསྡུར་རྩེ་ཁོག་རྫོང་ནས་གཟབ་རྒྱས་ངང་སྤེལ། འགྲན་སྡུར་ལ་ཁྱོན་སྡོམས་འགྲན་ཞུགས་མི་སྣ68ལྷག་ཞུགས་ཡོད་ལ། འགྲན་སྡུར་དྲང་བདེན་དང་མང་ཚོགས་ཀྱི་དགོས་མཁོ་ལྟར་དཔྱད་འདེམས་བྱེད་པར་བོད་ཁུལ་ན་མིང་དུ་གྲགས་པའི་གླུ་བ་གླུ་མ་ཚད་ལྡན་འགའ་གདན་འདྲེན་ཞུས་ནས་ཡུལ་དངོས་ནས་གླུ་དང་རྡུང་ལེན་ལ་གཞས་སོགས་ཀྱང་བླངས་པས་བྱ་འགུལ་སྔར་ལས་སྤྲོ་སྣང་ལྡན་པར་གྱུར།

WechatIMG36.jpg

WechatIMG37.jpg

WechatIMG39.jpg

དམངས་གླུ་དང་རྡུང་ལེན། ལ་གཞས་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་གི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་ཤིང་། སྤྱི་ཚོགས་འཚོ་བའི་ཁྲོད་ལོ་རྒྱུས་ཀྱི་རྒྱུན་རིང་ལ་མི་རིགས་རང་གི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚོན་པའི་ཕ་ནོར་རྩ་ཆེན་དང་། དམངས་ཁྲོད་ན་དགའ་བསུ་ཆེན་པོ་ཐོབ་པའི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། 

WechatIMG40.jpg

WechatIMG41.jpg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།