ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས་ནས་གཏམ་བཤད། ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཞུན་ཝང་དང་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་སློབ་གཙོ་སུང་ཡུག་ཧུང་། ཧྭ་ཏུང་རང་བྱུང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཏུའུ་ཧོས་ཧྥང་སོགས་ཚོགས་འདུར་ཞུགས་ནས་གཏམ་བཤད།
ལིག་ཐའོ་ཡིས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་སློབ་ཆེན་སོ་སོས་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གིས་བཟོས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁ་གཏད་རོགས་སྐྱོར་ལས་དོན་དང་མཚོ་སྔོན་སློབ་ཆེན་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། ལས་གཞི་འཛུགས་སྐྲུན་དང་མ་དངུལ་གཏོང་བ། འཇོན་ཐང་མི་སྣ་ནང་འདྲེན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་ལས་གཞན། སློབ་ཆེན་གཞན་དག་གིས་ཀྱང་དེ་འབྲེལ་གྱི་རྒྱབ་སྐྱོར་དོན་དང་ལྡན་པ་བྱས་ནས། མཚོ་སྔོན་སློབ་ཆེན་གྱི་ལས་རིམ་ཁག་སོ་སོའི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་བྱས་ཡོད་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།