རབ་མཛེས་མཚོ་སྔོན་གྱི་བློ་བདེའི་འཛད་སྤྱོད་གསར་འཛུགས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། རབ་མཛེས་མཚོ་སྔོན་གྱི་བློ་བདེའི་འཛད་སྤྱོད་གསར་འཛུགས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ལིག་ཐའོ་ཡིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས། སྒྲིག་ལུགས་འཛུགས་པ་དང་བྱེད་ཕྱོགས་སྟོབས་ལྡན་དུ་བསྒྱུར་བ། དྲིལ་སྒྲོག་རྒྱ་ཁྱབ་བྱེད་པ། དངོས་འབེབས་དམ་པོར་འཛིན་པ་བཅས་ལ་འབད་དེ། རབ་མཛེས་མཚོ་སྔོན་གྱི་བློ་བདེའི་འཛད་སྤྱོད་གསར་འཛུགས་ལས་དོན་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་བྱེད་ནུས་མི་དམན་པ་བཏོན་ཡོད་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།