དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་ལག་རྡང་སྦྲེལ་ནས་མདུན་དུ་སྐྱོད་དགོས་ཞེས་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་གྱི་སྐུལ་སློང་ཚོགས་ཆེན་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་ལག་རྡང་སྦྲེལ་ནས་མདུན་དུ་སྐྱོད་དགོས་ཞེས་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་གྱི་སྐུལ་སློང་ཚོགས་ཆེན་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་སྐུལ་སློང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཅིག་སན་སློབ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བརྗོད་དོན་སློབགསོའི་བྱ་འགུལ་གྱི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱས་ཏེ། བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། བྱ་འགུལ་གྱི་དམིགས་འབེན་ལས་འགན་དང་བྱ་བའི་རྩ་དོན་ཁོང་དུ་ཆུད་པར་བྱེད་དགོས་ལ། བསླབ་པ་དང་སྒྲུབ་པ་ཟུང་འབྲེལ་བྱེད་པ་དང་ཞིབ་བཤེར་དང་བཅོས་སྒྱུར་མཉམ་འབྲེལ་བྱེད་དགོས་པར་མ་ཟད། བྱ་འགུལ་གྱི་ལག་ལེན་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་སློབ་སྦྱོང་སློབ་གསོ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།  འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་ཁྲིད་སྟོན་དང་སྐུལ་འདེད། མཐུན་སྦྱོར། འགན་སྲུང་། རྒྱབ་སྐྱོར་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་བའི་ཁྲོད་དུ་ཐུག་པའི་དོན་དངོས་གནད་དོན་མྱུར་དུ་ཐག་གཅོད་རོགས་བྱས་ནས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་རོགས་འདེགས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།