ཀྲང་ལིས་ཀྱིས་གུང་ཧོ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་གུང་ཧོ་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། གཞི་རིམ་ལས་བྱེད་མང་ཚོགས་ལ་ཞིང་ཆེན་སྲིད་གཞུང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐོར་ནས་བསམ་འཆར་བསྡུ་ལེན་བྱས། 

ཁོ་མོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་དང་སློབ་སྦྱོང་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་སྲུང་སྐྱོབ། ཞང་དང་སྡེ་བ་བསྐྱར་དར། རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་སོགས་ཀྱི་བཀོད་སྒྲིག་གལ་ཆེན་གཞིར་བཟུང་ནས། དམིགས་འབེན་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ། རྒྱུན་མཐུད་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་འདུ་བཅས་བྱས་མཐར། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་ཐུབ་དགོས་ཟེར།

ཀྲང་ལིས་ཀྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་རྒྱུ་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ཞིབ་ཕྲའི་མངོན་སྟངས་ཤིག་ཡིན་པས། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་རྒྱུ་དང་ཐོག་མཐའ་བར་གསུམ་ཀུན་ཏུ་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཏང་གི་འཛུགས་སྐྲུན། ཆབ་སྲིད་ཀྱི་སྣེ་སྟོན་བཅས་རྒྱུན་འཁྱོངས་བྱས་མཐར། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་ཐུབ་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།