ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་རིན་གཉིས་གཅོག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་ཁྲལ་རིན་གཉིས་གཅོག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་ནས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་དང་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། མུ་མཐུད་དུ་ཁྲལ་རིན་གཉིས་གཅོག་བྱ་བའི་སྲིད་ཇུས་བྱེད་ཕྱོགས་དངོས་འབེབས་ཞིབ་ཕྲ་ཅན་དུ་བསྒྱུར་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ། གསོན་ཤུགས་གཙོ་བོར་སྐུལ་སློང་བྱེད་པ། དཔལ་འབྱོར་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་དམངས་ལ་ཕན་ཁེ་བསྐྲུན་རྒྱུ་མངོན་འགྱུར་བྱེད་པ་བཅས་ལ་འབད་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ཁྲལ་རིན་གཉིས་གཅོག་བྱ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐབ་ཇུས་དང་ལས་དོན་སྤྱིའི་མཐོ་ཚད་ནས་འགྲེང་སྟེ་བཟོས་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་གཙོ་བོ་ཞིག་ཀྱང་ཡིན། སྔར་ལས་ལྷག་པའི་སྒོ་ནས་ངོས་ཟིན་ཇེ་མཐོར་གཏོང་བ་དང་ལངས་ཕྱོགས་ཇེ་བརྟན་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་ཁྲལ་རིན་གཉིས་གཅོག་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་དགོངས་དོན་དངོས་འབེབས་ནན་མོ་བྱས་ནས། ཁྲལ་རིན་གཉིས་གཅོག་སྲིད་ཇུས་བྱེད་ཕྱོགས་ཀྱིས་མཚོ་སྔོན་གྱི་རྒྱལ་དབང་ཁེ་ལས་ཀྱི་འཕེལ་རྒྱས་དཀའ་ཁག་སེལ་བ་དང་། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་སྟོབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ལས་ཞུགས་ལས་སྐྲུན་དང་སྤྱི་ཚོགས་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་དོན་སྙིང་དམིགས་བསལ་ལྡན་པ་བཅས་ཀྱི་ཐད་ངེས་ཟབ་མོ་ཟིན་པར་བྱས་ཏེ། ཁྲལ་རིན་གཉིས་གཅོག་བྱ་བའི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཐེངས་འདིའི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།