མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་བསྐྱར་དྲན་བྱེད”ཅེས་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་15ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་བསྐྱར་དྲན་བྱེད”ཅེས་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་བཅས་ཚོགས་འདུར་ཞུགས་ཡོད་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཐིན་ཅ་ཚའེ་ཡིས་ཚོགས་འདུར་འགོ་འཛིན་བྱས། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་གི་དེ་སྔའི་རྒྱུན་ལས་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། “རྒྱང་སྐྱོད་གསར་འགོད་པ”གྲགས་ཅན་ལའོ་ཁའེ་ཧྥུའུ་ཡིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་བསྐྱར་དྲན་བྱེད”ཅེས་པའི་ཟུར་ཁྲིད་སྙན་ཞུ་གནང་བ་རེད། 

སྙན་ཞུའི་ཚོགས་འདུའི་ཐོག་ལའོ་ཁའེ་ཧྥུའུ་ཡིས་སྐབས་དེ་དུས་རྒྱང་སྐྱོད་ལམ་བུར་བསྐྱོད་པ་དཀའ་ཚེགས་ཆེ་ལ་ཐ་ན་ཉིན་མཚན་368ཁྲོད་ཐེངས་མང་པོར་སྲོག་ཉེན་ལ་འཕྲད་པའི་བཅར་འདྲི་བྱེད་སྐབས་ཀྱི་སྔོག་འདོན་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བཞིན་ཕྱིར་དྲན་བྱས་ཏེ། ཚང་མ་དང་མཉམ་དུ་ཐུན་མོང་གི་བསམ་འདུན་དང་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་མྱོང་ཚོར་བྱས་པ་རེད། ཚོགས་ཞུགས་བློ་མཐུན་གྱིས་སྙན་སྒྲོན་གྱི་ནང་དོན་ཞིབ་ཚགས་ལྡན་ལ་མི་སེམས་འགུལ་བ་དང་། སློབ་གསོ་གཏིང་ཟབ་ལྡན་ཞིང་སྦྱོང་བརྡར་ཆེན་པོ་ཐེབས་ཐུབ་ཞེས་བསྟན། 

ཞིང་ཆེན་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྐོར་དང་པོའི་ལས་ཁུངས་82ཀྱི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཏང་ཡོན་ལས་བྱེད་པའི་འཐུས་མི། 32620དམག་དཔུང་གི་དཔོན་དམག་འཐུས་མི། ཞིང་ཆེན་ཏང་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་ཁག་གི་ཙུའུ་ཀྲང་བཅས་ཚོགས་འདུ་ལ་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།