རྫ་སྟོད་རྫོང་གི་བྱིས་པ་རྣམས་གནམ་བདེ་སྒོ་མོ་ཆེ་དང་མའོ་ཙེ་ཏུང་དྲན་གསོ་ཁང་། ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་བཅས་ལ་ལྟ་སྐོར་བྱས།

res01_attpic_brief (1).jpg

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་དང་ལྷན་དུ་མཉམ་པར་བསྐྱོན་བཞིན་པ།

res04_attpic_brief (2).jpg

ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

res07_attpic_brief.jpg

དང་བླངས་པས་བྱིས་པ་རྣམས་ཁྲིད་ནས་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སྟེང་གི་སྐར་ལྔའི་དར་དམར་ལྷབ་ལྷུབ་ངང་ཡར་སྒྲེང་བ་དང་མཉམ་དུ། རྒྱལ་ས་པེ་ཅིང་དུ“དགའ་ཞེན་གསུམ”བརྗོད་སྙིང་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་རྫ་སྟོད་རྫོང་གི་བྱིས་པ་རྣམས་ལག་གཡས་ཡར་བཀྱགས་ནས་རྒྱལ་དར་ལ་གུས་འདུད་ཞུ་བཞིན་སེམས་སུ་དགའ་སྤྲོ་དང་སྤྲོ་སེམས། ང་རྒྱལ་དང་གཟི་བརྗིད་བཅས་ཀྱིས་ཁེངས་ནས་རླབས་ཆེ་བའི་མེས་རྒྱལ་ལ་དགའ་ཞེན་དང་གུས་འདུད་ཞུས། དེ་རྗེས་མའོ་ཙེ་ཏུང་དྲན་གསོ་ཁང་དང་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་མཛོད་ཁང་ལ་ལྟ་སྐོར་བྱས་རྗེས་ཚང་མའི་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར་ཞིང་བསམ་ཚུལ་ཁྲི་སྟོང་མང་པོ་སྐྱེས་པ་དང་རླབས་ཆེ་བའི་མེས་རྒྱལ་གྱི་གཟི་བརྗིད་ལ་རོལ་མྱོང་བྱས་ཤིང་། མ་འོངས་པར་བྱིས་པ་རྣམས་སྔར་ལས་ལྷག་པར་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། མེས་རྒྱལ་འཛུགས་སྐྲུན་བྱེད་པར་རང་ནུས་ཡོད་རྒུས་བྱས་རྗེས་འཇོག་དགོས་པར་ཆོད་སེམས་བརྟན་པོ་འཆིང་བ་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།