ལིག་ཉིང་གིས་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་སྣར་མཇལ་འཕྲད་གནང་།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན་ནས་ཚེས13ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལིག་ཉིང་གིས་སོ་སོར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་བརྡ་འཕྲིན་པུའུ། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་སྣར་མཇལ་འཕྲད་གནང་ནས། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་བསམ་བློ་བརྗེ་རེས་དང་འབྲེལ་གཏུགས་བྱས་ཏེ་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས། ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་མཇལ་འཕྲད་གནང་བར་ཞུགས་པ་དང་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་ཀོ་མིན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།