ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ནས་ཆང་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དང་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་སྐྱེ་དངོས་ར་བའི་ནས་ཆང་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞིང་ལས་གྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས། ཐོན་ཁུངས་དགེ་མཚན་བཀོལ་སྤྱོད་གང་ལེགས་བྱེད་རྒྱུ་དང་། ནས་ཆང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལོ་ངོ་གསུམ་གྱི་ལག་ལེན་ལག་བསྟར་བཟང་པོ་བྱེད་པ་བཅས་ལ་འབད་དེ། མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ནས་ཆང་ཐོན་ལས་ཀྱི་ཐོན་སྐྱེད་ཉོ་ཚོང་མ་ལག་འཛུགས་སྐྲུན་བྱས་ཏེ། ནས་ཆང་གི་ཕྱོགས་བསྡུས་རིན་ཐང་ཇེ་མཐོར་གཏོང་པ་དང་རོང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་བྱས་ཏེ་ཕྱུག་པོ་འགྱུར་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཁྱད་ཆས་ལྡན་པའི་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ལས་དོན་སྔར་ལས་ཇེ་ལེགས་སུ་གཏོང་བར། མཚོ་སྔོན་གྱི་ཐོན་ལས་ལ་དགེ་མཚན་དང་ཆ་རྐྱེན་ལེགས་པོ་ཡོད། ནས་ཆང་གི་མིང་གྲགས་ཐོན་རྫས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་པ་དང་། ནས་ཆང་ཐོན་ལས་འཕེལ་རྒྱས་ཀྱི་ལོ་ངོ་གསུམ་གྱི་ལག་ལེན་ལག་བསྟར་བྱེད་པ། གནས་ཐིག་དང་ཁ་ཕྱོགས་ཡང་དག་འཚོལ་བ། དམིགས་འབེན་ལ་མིག་གཏོད་བྱེད་པ་བཅས་ལ་འབད་དེ། ནས་ཆང་གི་མིང་གྲགས་ཐོན་རྫས་སྔར་ལས་ཇེ་ལེགས་སུ་གཏོང་དགོས།

ཡན་ཅིན་ཧེ་དང་ཡུས་ཚུང་ལི་ཡིས་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།