རྫ་སྟོད་རྫོང་གི་ཆུང་འབྲིང་སློབ་མའི “དགའ་ཞེན་གསུམ”བརྗོད་སྙིང་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་པེ་ཅིང་དུ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ8པའི་ཚེས14ཉིན། པེ་ཅིང་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲུའུ་གའོ་ཆིན་གྱིས་རྫ་སྟོད་རྫོང་གི་དགེ་སློབ་རྣམས་ལ་མཚོན་དར་གནང་བ་དེས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང《བདེན་འཚོལ》དུས་དེབ་ཁང་གཉིས་ཀྱིས་བསྟུད་མར་ལོ་ལྔ་རིང་སྤེལ་བའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཆུང་འབྲིང་སློབ་མའི  “དགའ་ཞེན་གསུམ”བརྗོད་སྙིང་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་ཡང་བསྐྱར་པེ་ཅིང་ནས་དངོས་སུ་འགོ་ཚུགས་པ་མཚོན། མ་འོངས་པའི་ཉིན10རིང་རྫ་སྟོད་རྫོང་གི་དགེ་སློབ59ཡིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་བརྗེ་རེས་བྱ་འགུལ་ནང་ཞུགས་ཏེ། སྔར་ལས་ལྷག་པར་ཀྲུང་གོ་གུང་ཁྲན་ཏང་དང་རླབས་ཆེ་བའི་མེས་རྒྱལ། སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་ཟིན་ཟབ་མོ་བྱ་རྒྱུ་རེད།  

རྒྱུས་ལོན་པ་ལྟར་ན། 《བདེན་འཚོལ》དུས་དེབ་ཁང་གི་འགོ་ཁྲིད་རྣམས་དུས་དང་རྣམ་པ་ཀུན་ཏུ་རྫ་སྟོད་རྫོང་ལ་གཅིག་སེམས་གཅིག་ཏུ་སྦྲེལ་ཏེ། སློབ་གསོའི་དབུལ་སྐྱོར་དང་གནད་ཁེལ་རོགས་སྐྱོར་བྱ་བ་དེ་འགན་འཁྲི་གཙོ་བོར་བཟུང་ནས།  དབུལ་ཕོངས་ས་ཁུལ་རྣམས་དབུལ་ཐར་ཕྱུགས་བསྒྱུར་གྱི་ལམ་དུ་དྲངས་བར་ཆབ་སྲིད་ཀྱི་འགན་ཁུར་དང་ཆབ་སྲིད་ཀྱི་འགན་འཁྲི་རུ་བཞག་པ་རེད། “དགའ་ཞེན་གསུམ”གྱི་བྱ་འགུལ་སྤེལ་བ་ནས་ད་རག་བར་དགེ་སློབ304ལྷག“དགའ་ཞེན་གསུམ”བརྗོད་སྙིང་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་ནང་ཞུགས་ཐུབ་པ་བྱུང་བ་དང་། བྱ་འགུལ་ལས་མི་རིགས་ས་ཁུལ་གྱི་ན་ཆུང་བྱིས་པ་རྣམས་སློབ་སྦྱོང་ལ་འབད་བརྩོན་དང་ཤུགས་སྐྱེད་སྟོབས་སྤེལ་བྱེད་པར་སྐུལ་མ་བཏང་བ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ན་ཆུང་བྱིས་པ་རྣམས་ལ་ཡང་དག་པའི་ཕུགས་བསམ་ཀྱི་འདུ་ཤེས་དང་། མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་བཅས་ཀྱི་ཐད་ལ་ཡང་དག་སྒོས་སྣེ་ཁྲིད་བྱས་ཏེ། སློབ་གསོའི་ཐབས་ལམ་གསར་བ་ཞིག་གཏོད་པ་ལས་གཞན་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་གོང་སྤེལ་དང་མཛའ་བརྩེ་ཟབ་མོ་བཅངས་ཡོད་པ་མངོན་མཚོན་བྱས་ཡོད།

ཐེངས་འདིའི་བྱ་འགུལ་གྱི་འགན་སྒྲུབ་ལས་ཁུངས་པེ་ཅིང་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་གིས་རྫ་སྟོད་རྫོང་གི་བྱིས་པ་རྣམས་ལ“གསར་སྐྲུན་ལག་ལེན་གྱི་ཉམས་ཞིབ”སློབ་ཁྲིད་ནང་ཞུགས་སུ་བཅུག་པ་ནི་བྱིས་པའི་ལག་འགུལ་གྱི་ལག་ལེན་ནུས་པ་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་དང་སློབ་ཆུང་སློབ་མ་རྣམས་ལ་ཚན་རིག་གི་སྙིང་སྟོབས་སྐྱེད་པ་བཅས་མཐོར་འདེགས་སུ་གཏོང་རྒྱུ་དེ་རེད། ( མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས། )

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།