ལིག་ཉིང་གིས་འགོ་འཛིན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་གྲ་སྒྲིག་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་གྲ་སྒྲིག་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ནན་གྱིས་བསྟན་དོན། བྱ་བ་ཆེས་ཞིབ་ཕྲ་ཅན་དུ་གཏོང་པ་དང་གཏིང་ཟབ་ཅན་དུ་འཕེལ་བ། དངོས་གཉེར་ཅན་དུ་ཕྱོགས་པ་བཅས་ལ་འབད་དེ། ཚད་གཞི་མཐོ་ལ་བླང་བྱ་ནན་མོའི་སྒོ་ནས་ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་མཐར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བདེ་ལེགས་ངང་བསྡུ་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བཟང་པོར་བསྒྲུབ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དངོས་འབེབས་དོན་འཁྱོལ་བྱེད་པའི་ལམ་ལུགས་འཚོལ་དཔྱོད་ཡིན་ལ། ཆེས་ཆེ་བ་གསུམ་གྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ལག་ལེན་ཞིབ་ཕྲའང་ཡིན། ཐེངས་འདིའི་གླེང་སྟེགས་ནི་རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་གནས་བྱ་བར་སྐུལ་འདེད་བཏང་པའི་ཚུན་ལ་བསྡུས་པ་ཡི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཐོག་མ་ཡིན་པས། དེར་གསར་འབྱེད་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་དང་རྒྱལ་ཁབ་ཕྱི་ནང་གིས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་ལ་མཐོང་ཆེན་བྱས་ནས། རྒྱལ་སྤྱིའི་གོམས་སྲོལ་ལ་བརྩི་སྲུང་བྱེད་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། མཚོ་སྔོན་གྱི་གཟི་ཉམས་ཆེས་ཆེར་མངོན་པ་བཅས་ལ་འབད་དེ། ཐེངས་འདིའི་གླེང་སྟེགས་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་ཅིག་ཅར་མངོན་བྱེད་ཅིག་དང་། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་གཉིས་རྒྱལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་འགྱུར་བར་འབད་མཐར། མིའི་རིགས་ཐུན་མོང་ལས་སྐལ་ཚོགས་པ་བསྐྲུན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱས་རྗེས་འཇོག་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།