རྫ་སྟོད་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས“དགའ་ཞེན་གསུམ”གྱི་སློབ་གསོའི་ལག་ལེན་བྱ་འགུལ་པེ་ཅིན་ནས་སྤེལ་སྒོ་ཚུགས།

446d78654c05d5b440a00b96b756189b.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། ཚེ་མཁར་རྒྱལ།)ཟླ8པའི་ཚེས14ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་བདེན་འཚོལ་དུས་དེབ་ཁང་། པེ་ཅིན་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་སོགས་ཀྱིས་གཙོ་སྒྲུབ་བྱས་པའི2019ལོའི་སྐབས་ལྔ་བའི་རྫ་སྟོད་རྫོང་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས“དགའ་ཞེན་གསུམ” གྱི་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཚུགས་པའི་མཛད་སྒོ་རྒྱལ་ས་པེ་ཅིན་ནས་གཟབ་རྒྱས་ངང་འཚོགས།

f186e3a581ea55ea8cdce41915ddf3f7.jpeg

པེ་ཅིན་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲུའུ་གོ་ཆིན་གྱིས་ཤིས་ཚིག་འབུལ་བཞིན་པ།

72b113363afc335cd188af5faea58391.jpeg

རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀུང་ཡན་གོ་ཡིས་ཤིས་ཚིག་འབུལ་བཞིན་པ།

 པེ་ཅིན་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲུའུ་གོ་ཆིན་གྱིས་གཙོ་སྒྲུབ་ལས་ཁུངས་ཀྱི་ཚབ་བྱས་ནས་རྫ་སྟོད་རྫོང་གི་དགེ་སློབ་རྣམས་ལ་དགའ་བསུ་ཞུས། ཁོས་ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། དགེ་སློབ་རྣམས་ལ“དགའ་ཞེན་གསུམ”གྱི་བརྩེ་བ་ཉམས་སུ་མྱོང་ཐུབ་པ་བྱས་ནས་མི་ཚེ་དོན་སྙིང་ལྡན་པར་བྱ་རྒྱུ་དང་། མ་འོངས་པར་སློབ་གྲོགས་རྣམས་རྒྱལ་ནང་གི་སློབ་ཆེན་མིང་གྲགས་ཅན་དུ་འགྲིམ་ཐུབ་པར་སྨོན་འདུན་ཞུས་པ་མ་ཟད། ནར་སོན་རྗེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུད་འཛིན་པ་དང་མི་རིགས་མཐུན་སྒྲིལ་དང་མི་རིགས་འཆམ་མཐུན་གྱི་རྐང་འཛིན་པ་བྱ་དགོས་ཞེས་རེ་བ་བཏོན། 

བདེན་འཚོལ་དུས་དེབ་ཁང་གིས1998ལོ་ནས་བཟུང་རྫ་སྟོད་རྫོང་ལ་རོགས་སྐྱོར་བྱེད་མགོ་ཚུགས་པ་ནས་བཟུང་། བདེན་འཚོལ་དུས་དེབ་ཁང་གི་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་རྫ་སྟོད་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་་འཕེལ་རྒྱས་ལ་སྐུལ་འདེད་དང་། སློབ་གསོའི་ཆ་རྐྱེན་ལེགས་བསྒྱུར། སློབ་གསོའི་འདུ་ཤེས་བསྒྱུར་བཅོས་བཅས་བྱ་ཆེད་དུས་དང་རྣམ་པ་ཀུན་ཏུ་ནུས་ཤུགས་གང་ཡོད་བཏོན་པ་དང་བྱས་རྗེས་བླ་མེད་བཞག་ཡོད་པ་རེད། 2015ལོ་ནས་བཟུང“དགའ་ཞེན་གསུམ” གྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་མགོ་ཚུགས་ཤིང་ད་རག་བར་ཕུལ་བྱུང་སློབ་མ304ལྷག་རྫ་སྟོད་ནས་པེ་ཅིན་དུ་ཡོང་སྟེ་མིག་རྒྱ་བསྐྱེད་པ་དང་ཤེས་བྱ་སྣ་མང་རྒྱུད་ལ་འབྱོར་ཐུབ་པ་བྱུང་བས་མ་འོངས་པར་ཕ་ཡུལ་རྫ་སྟོད་ཀྱི་རྣམ་པ་ལེགས་པོར་བསྒྱུར་བར་ཆོད་སེམས་བརྟན་པོ་ཆགས་ཡོད། མིག་སྔར། བྱ་འགུལ་འདིས་ཕྱོགས་བསྡུས་ཕན་ནུས་ཉིན་རེ་ལས་ཉིན་རེ་མངོན་གསལ་དུ་འགྲོ་བཞིན་པ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཀྱང་སྔར་ལས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པས་མཚོ་སྔོན་གྱི་གནད་ཁེལ་དབུལ་སྐྱོར་དང་རིག་གནས་རོགས་སྐྱོར་ཐད་ཀྱི་ཆས་རྟགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་མཆིས།

84fba20bfc02ad9d1bb17008ae677084.jpg

682809ee2ff17a128af0ef7f7737f227.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།