མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ཕྱིར་ལྟ་དང་རྫུན་བཟོས་ཆེད་དོན་བཅོས་སྐྱོང་བྱ་བར་ཕན་འབྲས་མངོན་གསལ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བ་ནས་བཟུང་། མཚོ་སྔོན་གྱིས་ལས་བྱེད་མི་དོན་ཡིག་ཚགས་ལ་ཆེད་དོན་ཞིབ་བཤེར་ཕྱིར་ལྟ་བྱེད་པ་དང་རྫུན་མ་བཟོས་པར་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་ལ། མིག་སྔར་བྱ་བ་དེ་བདེ་བླག་ངང་ཡོངས་འགྲུབ་བྱུང་བར་མ་ཟད་ཕན་འབྲས་མངོན་གསལ་ཐོབ་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་ཞིབ་བཤེར་ཕྱིར་ལྟ་བྱ་བ་སྒྲུབ་སྐབས་གཙོ་བོ་ཐེངས་སྔོན་མའི་ཆེད་དོན་ཞིབ་བཤེར་དང་འབྲེལ་བའི་ལས་བྱེད་མི་དོན་ཡིག་ཚགས་འབུམ་གཅིག་དང་ཁྲི་གཅིག་ལ་ཁ་གཏད་པ་དང་། ཡིག་ཚགས་རྫུན་བཟོས་ཀྱི་ཆེད་དོན་བཅོས་སྐྱོང་ནི་གཙོ་བོ་ཁུལ་དང་རྫོང་རིམ་པ་གཉིས་ལ་དམིགས་ནས་སྤེལ། ཆེད་དོན་ཞིབ་བཤེར་ཕྱིར་ལྟའི་རྨང་གཞིའི་སྟེང་། ལས་དོན་ལས་ཁུངས་དང་ཁེ་ལས་ཀྱི་འབྲིང་རིམ་ཡན་གྱི་ལས་བྱེད་པའི་ཡིག་ཚགས་འབུམ་གསུམ་དེ་བཅོས་སྐྱོང་གི་ཁྲོད་དུ་བཞག

བྱ་བ་དེ་དུས་ལྟར་ཡོངས་འགྲུབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འཆར་འགོད་དང་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། ལག་བསྟར་ཇུས་གཞི་ལ་ཞིབ་འཇུག་གཏན་འབེབས་བྱས་ཤིང་། བྱ་བའི་དུས་ཚོད་དང་ཞིབ་བཤེར་ཁྱབ་ཁོངས། ཚད་གཞི་རེ་བ་སོགས་གཏན་ཁེལ་གསལ་བོ་བྱས་པར་མ་ཟད། ཆེད་དོན་ཚོགས་འདུ་བྶུདས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས། ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས། ཆེད་དོན་བཅོས་སྐྱོང་སྲིད་ཇུས་དང་བརྒྱུད་རིམ། རེ་བ་སོགས་ལ་འགྲེལ་བཤད་གསལ་བོ་བྱས་པར་མ་ཟད། བྱ་བའི་ཁྲོད་དུ་བྱུང་བའི་གནད་དོན་གསར་བ་དང་གནས་ཚུལ་གསར་བར་དབྱེ་ཞིབ་དང་མཉམ་དུ་ཞིབ་འཇུག་བྱས་ནས། གཞི་རིམ་གྱིས་བྱ་བ་སྒྲུབ་པར་དུས་ལྟར་ཕན་ནུས་ལྡན་པར་མཛུབ་སྟོན་བྱས། དེ་དང་མཉམ་དུ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ད་དུང་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། གཙོ་གནད་དང་དཀའ་གནད་ལ་གཅིག་བསྡུས་ཀྱིས་ཞིབ་འཇུག་བྱས་ནས་ཐག་བཅད་པ་དང་། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཡོངས་ཁྱབ་ཏུ་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། བྱ་བའི་ཇུས་གཞི་གཏན་ཁེལ་གྱིས་ལས་བྱེད་པའི་ཡིག་ཚགས་རེ་རེར་ཞིབ་བཤེར་བྱས་པ་དང་། གནད་དོན་གལ་ཆེའི་རིགས་ལ་གཅིག་བསྡུས་ཀྱིས་ཞིབ་འཇུག་བརྡར་གཅོད་དང་ཕྱོགས་བསྡུས་དབྱེ་ཞིབ་བྱས།

ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་གནས་ཚུལ་མི་འདྲ་བར་ཐག་གཅོད་མི་འདྲ་བ་བྱས་ལ། རྒྱུ་ཆ་མི་ཚང་བ་རྣམས་ཁ་གསབ་བྱས་ཏེ་འཐུས་ཚང་དུ་བཏང་བ་དང་། གནས་ཚུལ་གཏན་ཁེལ་བྱས་པ་ཡང་དག་མིན་པར་ཡང་བསྐྱར་ཞིབ་བཤེར་གཏན་ཁེལ་བྱས་ལ། དོགས་པ་ཟ་བའི་གནས་ཚུལ་ལ་ཞིབ་བཤེར་ར་སྤྲོད་བྱས་ཤིང་། ཡིག་ཚགས་ལ་གནད་དོན་ཡོད་པ་དང་ཡང་ན་རྫུན་མ་བཟོས་པར་དོགས་པ་ཟ་ཚེ་གནས་སྐབས་སུ་ཡར་འཐེན་བྱེད་མཚམས་བཞག་སྟེ་སྐྱོན་ཡོད་བཞིན་དུ་ཡར་འཐེན་བྱེད་པར་བཀག་འགོག་བྱས། ཡིག་ཚགས་རྫུན་མ་བཟོས་པར་ཆད་པ་ནན་མོ་བཅད་དེ་རྒྱ་ཆའི་ལས་བྱེད་པར་སློབ་གསོ་དང་ཉེན་བརྡ་ཟབ་མོ་བཏང་སྟེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་།

ཐེངས་འདིའི་ཆེད་དོན་ཞིབ་བཤེར་ཕྱིར་ལྟ་དང་རྫུན་བཟོས་ཆེད་དོན་བཅོས་སྐྱོང་གི་ཁྲོད་ནས་མངོན་པའི་གོ་རིམ་ཞན་ས་དང་གནད་དོན་དག་ལ་དམིགས་ནས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་། བྱ་བའི་མི་འདང་སར་ཤུགས་བསྣན་ནས། ལས་བྱེད་མི་དོན་ཡིག་ཚགས་ཀྱི་གཞི་གྲངས་ཅན་འཛུགས་སྐྲུན་ལེགས་པོར་སྤེལ་བ་དང་། ལས་བྱེད་པའི་ཡིག་ཚགས་ལས་དོན་པའི་སྒྲིག་སྦྱོར་ལ་ཤུགས་བསྣན་ཞིང་། ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། ལས་བྱེད་མི་དོན་ཡིག་ཚགས་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།