མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་བརྗེ་རེས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་བརྗེ་རེས་གྲོས་ཚོགས་བསྡུས།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བརྗོད་དོན་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་བརྗེ་རེས་བྱས་པ་དང་།  ཏང་ཙུའུ་ཁོངས་མི།  ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་།   དེ་མིན་ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁ་ཤས་ཀྱི་ཡན་ལག་ཏང་ཙུའུ་ཧྲུའུ་ཅི་དྲུག་གིས་སོ་སོར་རྟོག་ཞིབ་བརྗོད་གཞིར་དམིགས་ནས་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་ཁོ་ཚོའི་གཏམ་བཤད་ལ་དཔྱད་འཇོག་བྱས།  ཁོས་བསྟན་དོན།  བརྟག་དཔྱད་ཞིབ་འཇུག་ནི་བརྗོད་དོན་སློབ་གསོའི་དུས་རིམ་གལ་ཆེན་ཞིག་ཡིན་པ་དང་།   མི་དམངས་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་རྨང་གཞི་རང་བཞིན་གྱི་བྱ་བ་ཡིན་པས།   ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྟོག་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ་ཆེད་དོན་གྲོས་ཚོགས་བསྡུས་ནས་གཟབ་ནན་གྱིས་ཞིབ་འཇུག་བཀོད་སྒྲིག་བྱས།  ཏང་ཙུའུ་ཁོངས་མི་དང་ལས་ཁུངས་ཏང་ཙུའུ།  ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཧྲུའུ་ཅི་ཡིས་སྣེ་ཁྲིད་དེ་མིག་དཔེ་སྟོན་པ་དང་རང་འགུལ་ངང་དོན་འཁྱོལ་དམ་འཛིན་བྱེད་པ།   གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་རྟོག་ཞིབ་བྱེད་པ་སོགས་བྱས་ནས་ཟུང་འབྲེལ་གསུམ་བཟང་པོར་བསྒྲུབས་ཡོད་དེ།  གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཟུང་འབྲེལ་བྱས་ཡོད།  བསམ་བློ་འདུ་ཤེས་མཐོར་འདེགས་དང་སྔར་ལས་ལྷག་པའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་བའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་ཡོད།   གཉིས་ནས་གཞི་རིམ་བྱ་བར་མཛུབ་སྟོན་བྱེད་པ་དང་ཟུང་འབྲེལ་བྱས་ཡོད།  རྟོག་ཞིབ་ཁྲོད་དུ་གཞི་རིམ་སྲིད་གྲོས་ཀྱི་གྲོས་མོལ་ཞིབ་བསྡུར་ལ་ཤུགས་བསྣན་པ་དང་།  གཞི་རིམ་མང་ཚོགས་བར་གྱི་བརྗེ་རེས་བྱ་བ་སྤེལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཉམས་མྱོང་སྤྱི་བསྡོམས་དང་གྲུབ་འབྲས་སྲ་བརྟན།   གཞི་རིམ་ལ་མཛུབ་སྟོན་བྱེད་པའི་བྱེད་ཐབས་ལེགས་བཅོས་བྱས་ཏེ་རྟོག་ཞིབ་ཕན་ནུས་ཇེ་དྲག་ཏུ་བཏང་།   གསུམ་ནས་རང་སྟེང་གི་མི་འདང་ས་འཚོལ་བ་དང་ཟུང་འབྲེལ་བྱས་ཡོད།  རྟོག་ཞིབ་ཁྲོད་དུ་གཞི་རིམ་ལས་བྱེད་མང་ཚོགས་དང་ཕྱོགས་སོ་སོའི་བསམ་འཆརདང་གྲོས་གཞི་བསྡུ་ལེན་བྱས་པ་དང་།   གནས་པའི་གནད་དོན་དང་མི་འདང་ས་བཙལ་ཏེ་དངོས་གཉེར་བྱེད་ཐབས་སྤྱད་ནས་སྔོན་དཔག་གི་དམིགས་འབེན་ལ་སླེབས་པར་བྱས་པ་དང་།  གོ་རིམ་རྗེས་མའི་དག་ཐེར་ལེགས་བཅོས་བྱ་བར་རྨང་གཞི་བརྟན་པོ་བཏིངས་ཟེར།

རྡོ་རྗེ་རབ་བརྟན་གྱིས་གཅིག་ནས་གནས་དོན་གཅིག་བསྡུས་ཀྱིས་ལེགས་བཅོས་བྱེད་དགོས་པ་དང་།  གཉིས་ནས་རྟོག་ཞིབ་ཕན་འབྲས་ལ་མཐོང་ཆེན་བྱེད་པ། གསུམ་ནས་མཉམ་འབྲེལ་རྟོག་ཞིབ་བྱ་བ་སྤེལ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།