མཚོ་ཤར་གྱིས་ཧུར་ཐག་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ཤར་གྲོང་ཁྱེར་གྱིས་ནན་ཏན་གྱིས་དག་ཐེར་ལས་དོན་ལ་ཕན་འབྲས་ལྡན་པའི་སྐུལ་འདེད་གཏོང་ཆེད། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་ཧྲི་ཀྲང་གཉིས་ཙུའུ་ཀྲང་ཡིན་པའི་དག་ཐེར་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ནས། དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་གནད་དོན་གལ་ཆེན་ཐག་གཅོད་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་དབྱང་གི་སྐབས་བདུན་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་པས་མཚོ་ཤར་གྱི་གནད་དོན་ཆེ་གྲས་13བཏོན་པ་དང་། གསེད་འདེམ་དང་རིགས་དབྱེ་ཞིབ་བྱས་ཏེ་གནད་དོན44ཞིབ་ཚགས་སུ་བཏང་། དོན་ཚན་རེ་རེ་བཞིན་བཅོས་སྒྲིག་གི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་བཟོས་ནས་ཕྱོགས་ཡོངས་ནས་མཐར་ཕྱིན་དང་། ནུས་ལྡན་བཅས་ཀྱི་སྒོ་ནས་བསམ་འཆར་བཏོན་པའི་གནད་དོན་ཐག་གཅོད་ཐུབ་པར་འགན་ལེན་བྱས་པ་རེད། མིག་སྔར་བསམ་འཆར་བཏོན་པའི་གནད་དོན་ཁྲོད་གནད་དོན33དག་ཐེར་ལེགས་གྲུབ་ཟིན་པ་དང་། གྲོང་ཁྱེར་རིམ་པའི་རྣམ་གྲངས་5དང་དོན་ཚན་24མེད་པར་བཟོས་ཤིང་། ཞིང་ཆེན་རིམ་པའི་རྣམ་གྲངས་4ཐོ་འགོད་སྙན་སེང་ཡང་ཞུས་ཡོད་པ་རེད། བཟའ་བཏུང་ལས་རིགས་ཀྱི་ཁོར་ཡུག་གནད་དོན་དང་། སྒྲིག་འགལ་ངང་སྔོག་འདོན་བྱས་པའི་བྱེ་རྡོ་བཟོ་གྲྭ་32ཀྱི་སྒོ་བརྒྱབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་བེད་མེད་གཏེར་རིའི་ས་གཤིས་ཁོར་ཡུག་8ལ་སླར་གསོ་ལེགས་བཅོས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།