ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར26པའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི56བརྒྱུད་སྤྲོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ8པའི་ཚེས9ཉིན་གྱི་ཆུ་ཚོད16སྟེང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྐོར26པའི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི56བརྒྱུད་སྤྲོད་བྱས་པ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ36དང་། མཚོ་ཤར་གྲོང་ཁྱེར་དུ11། མཚོ་ནུབ་ཁུལ་དུ7།  མཚོ་བྱང་ཁུལ་དུ1། མགོ་ལོག་ཁུལ་དུ1བཅས་ཀྱི་གྱོད་གཞི་ཡོད་ལ ། ཀྲུང་དབྱང་སྐྱེ་ཁམས་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པས་གཙོ་གནད་དོ་སྣང་བྱེད་པའི་གྱོད་གཞི6ལས་ཟི་ལིང་གྲོང་ཁྱེར་དུ3དང་མཚོ་ཤར་གྲོང་ཁྱེར་དུ2། མཚོ་ནུབ་ཁུལ་དུ1བཅས་ཡོད་པ་རེད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།